དེང་རབས་པ།

རྣོ་ཟེར།        2017-05-04

འབངས་ལ་བདེ་སྐྱིད་བསྐྲུན་མཛད།།

ཁ་མཁས་མགོ་ཁྲིད་རྣམ་པ།།

འབངས་མིའི་བདེ་སྡུག་བསམ་ན།།

རོགས་སྐྱོར་མ་དངུལ་མ་ཟ།།

ཐར་བའི་ལམ་སྣ་འདྲེན་པའི།།

མཆོག་སྤྲུལ་བྱམས་ལྡན་སྐུ་ལོ།།

འགྲོ་ཀུན་བདེ་སྡུག་མཁྱེན་ན།།

དབུལ་ཕྱུག་ཁ་ངོ་མ་འཚོ།།

རྨོངས་མུན་སེལ་བའི་སྒྲོན་མེ།།

མཚན་ལྡན་དགེ་རྒན་རྣམ་པ།།

སློབ་བུའི་མདུན་ལམ་བསམ་ན།།

གདམས་པ་སྒོར་ལ་མ་བརྗེ།།

དམིཊ་འདུན་རྒྱང་ལ་བསྲིངས་བའི།།

རིག་གསར་སློབ་བུ་རྣམ་པ།།

ཕ་མའི་བཀའ་དྲིན་བརྗེད་ནས།།

དུད་ཆང་ལོངས་སྤྱོད་མ་བྱེད།།

ཕ་མའི་རེ་བཅོལ་གནང་སའི།།

བློ་ལྡན་གསར་བའི་ཚོགས་དག།

བྱམས་བརྩེ་སྟོང་གི་བཀའ་དྲིན།།

རྗེས་མེད་རླུང་ལ་མ་བསྐུར།།

མཁྲེགས་འཛིན་རང་ཚུཊ་བརྟན་པོས།།

ང་རྒྱལ་འདམ་དུ་ལྷུང་བའི།།

དྲིན་ཆེན་རྒན་པོ་རྣམ་པ།།

གྲུབ་མཐར་ཆགས་སྡང་མ་བྱེད།།

དམར་སེར་ན་བཟས་བརྒྱན་པའི།།

བརྩེ་ལྡན་གྲྭ་བཙུན་རྣམ་པ།།

ཤ་དམར་སྣུམ་ལ་མ་ཆགས།།

འབུལ་བའི་སྒོར་ལ་མ་འདུར།།

བྲན་གཡོག་འདོད་རྔམ་ཅན་རྣམས།།

གྲུ་བཞི་སྒོར་གྱི་སྣེ་མོ།།

ཁྲ་ཆུང་མིག་གི་མཐོང་དུས།།

རང་རིཊ་སྡུག་ལ་མ་སྦྱོར།།

བཅུ་དྲུག་ལང་ཚོ་རྫོགས་པའི།།

ན་ཆུང་འདོད་ལྡན་བུ་མོ།།

ཁ་ངོ་མཚོན་གྱིས་བྱུགས་ནས།།

གཞན་རྒྱུ་སློང་བར་མ་བྲེལ།།

རིགས་རྒྱུད་གཅིག་ལས་ཆད་པའི།།

ཡིད་མཐུན་གདོང་དམར་བོད་པ།།

འབྲས་དཀར་ཕག་ཤར་རོལ་དུས།།

སྦྲང་དཀར་རྩམ་པ་མ་བརྗེད།།

སེམས་པ་ཕྱུགས་ལ་འཁྲེང་བའི།།

ཡུལ་མི་རྒན་གཞོན་རྣམ་པ།།

ས་རྩོད་ཆུ་རྩོད་བྱས་ཏེ།།

སྤུན་ཟླ་ནང་དམེ་མ་བྱེད།།


  • ལེ་ཚན་སྔོན་མ།:སྐུ་ཚེ་ས་སྨྱུག་དང་འགྲོག་མཁན།
  • ལེ་ཚན་རྗེས་མ།:འདོད་ཧམ།