དངོས་གྲུབ་འབྱུང་གནས། 2017-04-01
བསིལ་འཇམ་རླུང་བུ་ཁྱེད་ཀྱི་ན་བཟའ་རེད།།
གཡུ་ལྗོངས་སྡེ་བ་ང་ཡི་སྡོད་གནས་རེད།།
གཡང་དཀར་ནོར་ལུག་འུ་གཉིས་འཚོ་རྟེན་རེད།།
ཁྱོད་དང་འུ་གཉིས་ལས་དབང་གཅིག་པ་རེད།།
སྤང་ཐང་མེ་ཏོག་ཁྱེད་ཀྱི་རྒྱན་ཆ་རེད།།
དྭངས་གཙང་ཆུ་བོ་ང་ཡི་སྐོམ་ཆུ་རེད།།
འབྲུ་རིགས་སྣ་ལྔ་འུ་གཉིས་གསོ་སྨན་རེད།།
ཁྱོད་དང་འུ་གཉིས་ལས་དབང་གཅིག་པ་རེད།།
གླིང་དཀར་འབྲུག་མོ་ཁྱེད་ཀྱི་ཨ་ཅེ་རེད།།
གེ་སར་རྒྱལ་པོ་བདག་གི་ཕུ་བོ་རེད།།
དགེ་བཅུའི་ལུགས་སྲོལ་འུ་གཉིས་བགྲོད་ལམ་རེད།།
ཁྱོད་དང་འུ་གཉིས་ལས་དབང་གཅིག་པ་རེད།།
རིག་པའི་གནས་ལྔ་ཁྱོད་ཀྱི་སྦྱང་བྱ་རེད།།
བྱམས་བརྩེའི་ཟེགས་མ་བདག་གི་སློབ་གླིང་རེད།།
ཕ་མའི་དྲིན་ལན་འུ་གཉིས་འཇལ་དབང་རེད།།
ཁྱོད་དང་འུ་གཉིས་ལས་དབང་གཅིག་པ་རེད།།
རྩོམ་གསར། 10