སོག་སྨྱུག 2020-01-02
ངས་རང་ཉིད་གླུ་རུ་ལེན་ན་འདོད།
སྒྱུ་འཕྲུལ་གྱིས་བཞེངས་བའི་རི་ངོགས་འདི་ནས།
སྲིད་པའི་ཕུན་ཚོགས་ཀྱི་རི་རྒྱབ་ཡང་ཡང་བརྒལ་ནས།
ཚེ་སྲོག་གསར་བ་ཞིག་གི་དབུ་ཁྱུད་དང་དབྱངས་རྟའི་
ཁྲོད་ནས།
ངས་སྐད་གསང་མཐོན་པོའི་སྒོ་ནས་རང་ཉིད་གླུ་རུ་ལེན་
ན་འདོད།
ངས་རང་ཉིད་གླུ་རུ་ལེན་ན་འདོད།
གཉུག་གཤིས་ཀྱི་ངོ་བོར་ཁ་བའི་རེ་ཁཱ་བྲིས་ནས།
མཐའ་མི་མངོན་ཞིང་གཏིང་ཟབ་པའི་འཇིག་རྟེན་འདི་ནས།
སྐད་གདངས་ཀྱི་འགྱུར་བ་སྣ་ཚོགས་སྲིད་པའི་རྒྱན་དུ་
བཞག་ནས།
རང་གཤིས་ཀྱི་ཤོག་དཀར་འདི་དག་མཁའ་དབྱིངས་སུ་
བསྐུར་ན་འདོད།
ངས་རང་ཉིད་གླུ་རུ་ལེན་ན་འདོད།
དགའ་སྐྱོ་ཆགས་སྡང་གིས་གྲུབ་པའི་འཇིག་རྟེན་འདི་ནས།
ཚོར་ཤེས་ཀྱི་བྱེའུ་ཆུང་འདི་དག་དབྱིངས་སུ་འཕུར་
ཐེངས་ཤིག་གིས།
མཛེས་དཔྱོད་ཀྱི་ལྟ་བའི་ངོ་བོ་རྨ་ཆུ་དང་འབྲི་ཆུ་བཞིན་
གང་སར་བཞུར།
ངག་གི་སྒྲིབ་པ་མཐའ་དག་ཀྱང་བྱེ་མའི་ཐང་ཆེན་དུ་རླུང་
བུ་བཞིན་གང་སར་སྤུར།
ངས་རང་ཉིད་གླུ་རུ་ལེན་ན་འདོད།
ལྷ་སྒྲུང་རིང་མོ་ཞིག་འདི་ལྟར་རིམ་གྱིས་བཀླགས་རྗེས།
འགྲན་རྩོད་ཀྱི་རྒྱལ་ཁམས་འགྲིམ་ཞིང་རང་འགྲེལ་བྱས་ནས།
ཞོགས་པར་དུང་བའི་བག་ཆགས་ཟབ་མོ་དེ་སྐྱ་རེངས་
དང་འགྲོགས་ནས།
ཚ་ཚ་འུར་འུར་དང་བཅས་ཏེ་སྣང་བའི་སྒེའུ་ཁུང་གི་ཕྱི་
རོལ་ནས་བཙལ་མྱོང་།
བདག་གི་སྐད་ངག་དྭངས་མོ་ཁྱེད་གང་ན་ཡོད་ངས་རང་
ཉིད་གླུ་རུ་ལེན་ན་འདོད།
རྩོམ་གསར། 10