མགོ་ལོག་བུ་མོ།

གསའ།        2019-04-01

ཁྱོད་རང་ཧ་ཅང་འཁྱག་དོན།

ག་རེ་ཡིན།

ངས་ཁྱོད་ཀྱི་ཉེ་ས་ནས།

དྭངས་གཙང་ལྷོད་པའི་གཞས་ཤིག་ལེན་འདོད།

མཚན་གུང་འདི།

ཁེར་རྐྱང་གི་མིག་ཆུ་མང་བས།

སྔས་འགྲམ་བརླན་པའི་ཚང་མལ་ཆུང་ཆུང་ཞིག

ཡང་ན། ངས་ཁྱོད་རང་ཁོ་ན་དྲན་པའི།

བརྩེ་དུང་གི་གླིང་ག་དེ་ཡིན།

གང་ལྟར། སྟབས་མ་ལེགས་པར་གྱེས་ཁའི་སྐད་ཆ་དེ།

ལོ་དུ་མར་བསྙལ་བའི་ཧྥ་རིན་སུས་ལོ་ཆང་ཁམ་པ་བཞིན།

བྲོ་བ་ཞིམ་ལ། རོ་བཅུད་ཕུན་སུམ་ཚོགས་པས།

ངས། ཁེར་རྐྱང་གི་སུན་སྣང་ཁྲོད་ནས་འཐུང་བར་མོས།

ངས། ཁེར་རྐྱང་གི་སྡུག་བསྔལ་ནང་ནས་ཁྱོད་ལ་སྒུག་ཡོད།

ཀྱེ། ང་ཡི་སྙིང་ཉེ་བའི་མགོ་ལོག་བུ་མོ།


  • ལེ་ཚན་སྔོན་མ།:བརྩེ་བའི་ཞུ་གསོལ།
  • ལེ་ཚན་རྗེས་མ།:བོད་ཀྱི་སྣོད་བཅུད་ཀྱི་ཆེ་བ་བརྗོད་པ།