བརྩེ་བ།

གླག་ཀུན་བསོད།        2019-03-29

ལས་ཀྱི་ལྡེམ་ལྡེམ་ལྗོན་པའི་ཡལ་འདབ་སྟེང་།།

མཛའ་མཐུན་ལོ་མའི་དཔྱིད་དཔལ་མདངས་ཀྱིས་བཀྲ།།

དེ་ཡི་སྲོག་གི་རྩ་རུ་བཞུར་རྒྱུ་བའི།།

བརྩེ་བ་ཟིལ་ཆུའི་ཐིགས་པས་མི་སེམས་བརླན།།

རི་ཆུ་སྟོང་གིས་མི་ཁེགས་བརྩེ་བའི་མདུང་།།

བསྐལ་བ་ཁྲི་ཡིས་མི་ཆོད་བརྩེ་བའི་ཕུབ།།

སྐབས་རེར་རླངས་པ་ཙམ་གྱིས་བཟའ་སྲིད་ཀྱང་།།

སེམས་པ་སྦྲེལ་ཞིང་མཐུད་པར་འདི་ཉིད་སྟོབས།།

བྲག་དང་རི་ཆུ་བརྐོས་པས་མི་འབུད་ཅིང་།།

ཚན་རྩལ་འཕྲུལ་གྱིས་གློངས་ནས་མི་ལོན་པའི།།

འཇིག་རྟེན་འཁོར་བའི་གཞི་མ་བརྩེ་བའི་གཡང་།།

མི་སེམས་གངས་ཀྱི་ནགས་ན་དྲོད་ཀྱིས་འབར།།


  • ལེ་ཚན་སྔོན་མ།:དགེ་རྒན་ལ་བསྟོད་པའི་དཔེ་རྒྱན་སོ་གཉིས་མ།
  • ལེ་ཚན་རྗེས་མ།:བསམ།