འཇམ་ཡི་དམ་རྒྱལ། 2019-03-01
ངས་མཚན་མོའི་ངལ་དུབ་གྱོན་ནས།
སྟོན་ཀྱི་སྡོང་ལོ་སར་ལྷུང་བར་བསམ་བློ་བཏང་།
ང་ཡི་གཅེས་ཕྲུག
གཉིད་ཀྱི་ཞིང་ཁམས་འགྲིམས་ནས་ངུར་བ་ཟ་ཟི་འཐེན།
ཁོ་མོའི་རྨི་ལམ་དུ་སང་ཉིན་གྱི་རྩེད་མོར་དབུ་ཁྱུད་འབྲི་འམ།
དགེ་རྒན་གྱི་བཟང་བསྟོད་དྲན།
ད་ནིང་ནས་མཚན་མོའི་བར་དུ་ཅི་ཞིག་བསམ་ཡོད།
སློབ་གྲོགས་ཀ་བ་དྲན་ནམ།
སློབ་གྲོགས་ཁ་བ་དྲན།
མཚན་མོ་གཉིད་ཀྱི་ཞིང་ཁམས་འགྲིམ་དུས།
ཨ་ཕ་ཨ་མ་ཞེ་ལ་ཐོགས་སམ།
མཚན་མོ་ནི་ཇི་འདྲའི་ལྷིང་འཇགས་དང་།
ཁུ་སིམ་གྱི་མཚན་མོར།
ཨ་ཕས་ཁྱོད་ཀྱི་མ་འོངས་པ་འབྲི།
གསེར་གྱི་འོད་གཤོག་འབྲི།
ཉི་ཟླའི་གཞིས་ཁྱིམ་འབྲི།
མཚན་མོ་འདིར་གཅེས་ཕྲུག་མར་དབང་བའི་གོ་ལ་འབྲི།
དེས་སྟེང་དུ་རི་དྭགས་དང་སྲོག་ཆགས།
བྱ་བྱེའུ་འབའ་འབུ་དག་གི་ཕ་དང་མ་འབྲི།
དེ་དག་གི་ནམ་ནམ་ཞར་ཞར།
ཁོ་ཚོའི་ཕ་མ་དང་མི་བྲལ་བར་སྨོན་ལམ་འདེབས།
རྩོམ་གསར། 10