རྫ་བུམ་ནང་གི་མེ་ཏོག

ཕུན་ཚོགས།        2018-11-30

འདུ་འཛོམས་རྒོད་པའི་ཁྲོམ་ཚོགས་ནས།

ངས་རང་ཉིད་དགའ་བའི་མེ་ཏོག་འགའ་ཉོས་ནས་ཡོང་།

དྲང་མོར་བཤད་ན།

ཁྱིམ་གྱི་རྫ་བུམ་སྟོང་བས་ལན།

ཡུལ་ལ་ལོག་རྗེས།

ངས་རྫ་བུམ་དེ་དག་གཙང་ཕྱི་རེ་བྱས་ནས།

མེ་ཏོག་དག་རེ་རེར་བཞིན་བཤམས།

ཉིན་མཚན་རེས་སུ་ཕྱིན།

ལོ་ཟླ་ཡུན་གྱིས་འདས་ཏེ།

ལོ་ཟླ་ག་ཚོད་ཅིག་ཕྱིན་པའང་མ་ཤེས་མོད།

དེའི་རྗེས་སུ།

ངས་ཡང་བསྐྱར་ཁྲོམ་ཚོགས་སུ་བཤམས་པའི།

སྔོན་ཆད་ཀྱི་བཀྲག་མདངས་བཀྲ་བའི།

རྫ་བུམ་ནང་གི་མེ་ཏོག་འདྲ་བ་རེ་མཐོང་བྱུང་།

ཡིན་ཡང་། ངས་གཅིག་ཀྱང་མ་ཉོས།

རྒྱུ་མཚན།མི་རེ་རེར་སེམས་ཀྱི་མེ་ཏོག་རེ་ཡོད་པས།


ལོ་དེར།

ང་ཕ་ཡུལ་དུ་འབྱོར་བྱུང་།

མེ་ཏོག་དེ་དག   རྫ་བུམ་ནང་གི་མེ་ཏོག་དེ་དག

ཚ་བོ་ཚ་མོས་རྩེད་ཆས་སུ་གྱུར་འདུག

དེ་བས་ངའི་དབྱར་ཁ་སླེབས་པ་ཤེས་སོང་།

ཕ་ཡུལ་གྱི་དབྱར་ཁ་ཧ་ཅང་མཛེས་ལ།

མེ་ཏོག་དེ་ལས་ཡག་ཨང་།


  • ལེ་ཚན་སྔོན་མ།:རལ་གྲི་ལོ་མའི་ཚལ་གྱི་སྙན་ངག
  • ལེ་ཚན་རྗེས་མ།:མཚན་ལ་སྦྲུམ་པའི་སྙན་ངག