འཁྱགས་པའི་སྒང་གི་ནགས་ཚལ།

གསའ།        2018-11-02

ངས། ཁྱོད་ཀྱི་ཁེར་རྐྱང་ནང་གི

ལྷིང་འཇགས་ཀྱི་སྣེ་མོར་གཙང་བོ་ཡིན་ན་བསམ།

གཙང་བོའི་བཞུར་རྒྱུན་ལ་འཇགས་པ་མེད་པར།

མཐའ་མཇུག་གི་གནས་མལ་རྒྱ་མཚོ་ཡིན་རྒྱུ་ན་བསམ་བྱུང་།

དུས་ཚོད་ཀྱི་ར་བ་དང་སེམས་པའི་ནགས་ཚལ་ལ།

བྱ་བྱེའུ་སྣ་ཚོགས་ཅི་དགར་རྩེན་མོད།

ལས་དབང་གི་ལྗོན་པའི་ཟོམ་ལ།

གླག་མོ་ཞིག་གི་ལྡིང་སྐོར་རྒྱག་གིན་འདུག་པ་མཐོང་ངམ།

ཀྱེ། གྲོགས་པོ།

ངས། ཁྱོད་ཀྱི་ཁེར་རྐྱང་ནང་གི

ལྷིང་འཇགས་ཀྱི་སྣེ་མོར་གཙང་བོ་ཡིན་ན་བསམ།


  • ལེ་ཚན་སྔོན་མ།:རི་གྲོང་གི་ཐོར་བྲིས།
  • ལེ་ཚན་རྗེས་མ།:དྲིན་ཆེན་ལ་བསྟོད་པའི་ཕྲེང་རྒྱན།