དྲིན་ཆེན་ལ་བསྟོད་པའི་ཕྲེང་རྒྱན།

སྒོ་སྨྱུག་སྨྱོན།        2018-11-02

བླ་མ།

སེམས་ཅན་གྱི་འགྲོ་དོན་བསམ་མཁན།།

སྔ་ཕྱི་ཡིས་སྐྱབས་མགོན་བཅོལ་ས།།

ཕ་མ།

སྔར་མེད་པའི་ལུས་སྲོག་སྦྱིན་མཁན།།

སྙིང་ཁོངས་ཀྱི་སངས་རྒྱས་གསོན་པོ།།

ཕུ་བོ།

ཉམས་མྱོང་གི་བསླབ་བྱ་འཆད་མཁན།།

ལྷག་བསམ་ལ་ཟད་མཐའ་མེད་པ།།

གཉེན་ཉེ།

དགའ་དུས་ཀྱི་བརྩེ་བ་མཉམ་འབྲེལ།།

སྡུག་དུས་ཀྱི་ཁུར་བོ་མཉམ་ཁུར།།

གྲོགས་པོ།

སྐྱིད་དུས་ཀྱི་མཉམ་ཟ་མཉམ་འཐུང་།།

སྡུག་དུས་ཀྱི་སྦྲང་ཆར་དྲོན་མོ།།

མཛའ་གྲོགས།

བརྩེ་བ་ཡི་གཤོ་ཟུང་མཉམ་གཤུབ།།

ལང་ཚོ་ཡི་སྐྱིད་སྡུག་མཉམ་རོལ།།


  • ལེ་ཚན་སྔོན་མ།:འཁྱགས་པའི་སྒང་གི་ནགས་ཚལ།
  • ལེ་ཚན་རྗེས་མ།:སྔ་དྲོའི་འཇིག་རྟེན།