འཆར་ཡན་བན་བུན། དྲན་པ་རབ་རིབ།

ཀོ་གྲུ།        2018-08-29

སྐར་མའི་རི་གྲོང་གི་མཚར་སྡུག་ཀློང་ནས།།

ཚ་བའི་རླབས་ཤུགས་ལ་སྙིང་ཁ་གླན་ཏེ།།

རྒྱང་རིང་ཡུལ་ཕྱོགས་སུ་ལྟ་ཐེངས་རེ་རེར།།

སྒྱུ་མའི་འཁོར་བ་འདིར་ངེས་འབྱུང་སྐྱེས་བྱུང་།།

 

ཉིན་ཞགས་དུས་ཚོད་ཀྱི་གྲིབ་མའི་རྗེས་ལ།།

ལུས་སེམས་རྒྱུག་འགྲན་གྱི་རྔུལ་ཆུས་བསགས་ཀྱང་།།

གོ་མེད་འདི་སྣང་གི་ལས་ཀྱི་གོ་ཁྲབ།།

བསྐྱུར་བའི་ཐར་ལམ་ཞིག་སུས་ཀྱང་མ་ཟིན།།

 

དབེན་པའི་རི་གྲོང་ཞིག་སེམས་སུ་བསྒོམས་ནས།།

སྙིང་གི་འཕགས་འགྲོས་དེ་ལག་པས་གནོན་དུས།།

ཡིད་འོང་སྙིང་གྲོགས་ཀྱི་འཛུམ་ཞལ་དྲོན་མོ།།

མིག་མི་ར་བ་ནས་འདོར་ཐབས་མ་བྱུང་།།

 

མདུན་གྱི་སྒེའུ་ཁུང་དེ་ལས་ཀྱི་སྣང་ཡུལ།།

ཁྲ་ཆེམ་གློག་སྒྲོན་ཡང་མིག་གི་མགྲོན་པོ།།

སེམས་ཀྱི་ལ་མོ་ཉིད་གང་དུ་ཡོད་ཀྱང་།།

འཁྱམ་པོའི་རྣམ་ཤེས་ནི་དེ་ནས་རྒས་འགྲོ།།

 

མདུན་གྱི་ལམ་ཁ་དེ་རྒྱང་ཐག་རིང་ཡང་།།

ལད་མོའི་ཆོས་ཉིད་ལྟར་ཅིས་ཀྱང་འགྲིམ་དགོས།།

མཐའ་མའི་བདེ་སྐྱིད་ནི་ཅི་ཙམ་ཐུང་ཡང་།།

གོ་རིམ་གཙང་བ་དེ་རིན་ཐང་གལ་ལོ།།


  • ལེ་ཚན་སྔོན་མ།:གླུ་དབྱངས་ཞིག་ལ་ཉན་རྗེས།
  • ལེ་ཚན་རྗེས་མ།:ཟླ་བདུན་པའི་ནང་གི་ང་།