གྲོགས་ལ་བསྙད་པ།

འདྲུ་བཀྲ་ཤིས་རྒྱལ།        2018-08-20

འཇིག་རྟེན་ཁྲ་ཁྲར་བཅོས་ཆོག

ངོ་ཤེས་པའང་གྲངས་མེད་བསྒྲུབ་ཆོག

འགྱུར་བ་གཏུབ་མི་རུང་བ་གྲོགས་པོའི་མཛའ་སེམས་ཡིན།

 

ལོ་ཟླ་མང་པོར། ཉིན་ཞག་རེ་རེའི་ངོས་སུ།

ངེད་ཅག་གིས་མི་ཚེའི་རིན་ཐང་མཉམ་རོལ་བྱ།

 

ཆུ་ཡི་ཐིགས་པ་བཞིན་དུ་ཟགས་པའི་མི་ཚེ་འདིར།

བདེ་སྡུག་ཅི་ཞིག་ཡིད་ཁར་འཕྱོ་ནའང་།

བློ་ཉེ་བའི་མི་ནི་སེམས་པའི་དྲན་ཤིང་སྟེ།

འཇའ་ཚོན་ལྟ་བུའི་ཡིད་ཀྱི་རི་མོའོ།

 

ལམ་གྱི་སྣེ་མོ་ཞིག་ན།

ངེད་ཅག་ནི་མཛའ་མཐུན་གྱིས་ཡུག་གཅིག་ཏུ་འབྲེལ་ཏེ།

གང་ལའང་རེ་དོགས་མེད་པའི་ན་བུན་སྐྱ་བོ་ཞིག་དང་འདྲ།


  • ལེ་ཚན་སྔོན་མ།:སྙན་ངག་པའི་མཚན་མོ།
  • ལེ་ཚན་རྗེས་མ།:སྦྲགས་སྐད།