སྙན་ངག་པའི་མཚན་མོ།

འདྲུ་བཀྲ་ཤིས་རྒྱལ།        2018-08-20

མཚན་མོ་དེ་རུས་པ་ཡིན་དགོས།

ཐ་སྙད་ལ་བསྟར་ཆོག་པའི་ཚོར་འདུའི་དབུ་ཁྱུད།

 

མཚན་མོ་དེའི་སྒྱུ་རྩལ་གྱི་ལྷན་ཐབས།

རྡོ་བའི་ངོས་ཀྱི་འཆར་རིས།

ཀློག་པ་པོའི་སེམས་ཀྱི་འགྱུ་བ།

ཕུགས་ཀྱི་སྣེ་མོར་བཞད་པའི་མེ་ཏོག

 

སྙན་ངག་པའི་དོ་ར་མཚར་པོ།

འུག་པས་ཞེ་ལ་ཁེན་པའི་དུས་ཚིགས་དེ་ཡིན།

ལྷན་པ་རྒྱག་ཆོག་པའི་དུས་ཚིགས་དེ་ཡིན།


  • ལེ་ཚན་སྔོན་མ།:དགུན་དུས་ཧྲིལ་བོ། ____ དགེ་ཆོས་ལ་ཕུལ་བ།
  • ལེ་ཚན་རྗེས་མ།:གྲོགས་ལ་བསྙད་པ།