དྲིན་ཚོར་ནས་ཚོར་སྐད་བསྒྲགས་པ།

གྲི་བདག        2018-07-27

ང་ཡི་ལང་ཚོའི་སྣང་བ་གོར་གོར་རམ།།

འདུན་མའི་རི་བོ་བརྟན་པོ་བརྟན་པོའམ།།

ཚེ་ཡི་དུས་གསུམ་ཀུན་ཏུ་བདེ་བླག་སྐྱེལ།།

དམར་པོའི་ཞེ་ལ་ཐོགས་པའི་མིག་ཆུ་དེ།།

གཉོར་ཀྱི་བསུས་པ་མིན་པ་སུ་ཡིས་བསྙོན།།

དྲིན་དེ་གཞལ་མེད་མིན་པ་གང་གིས་འགྲེལ།།

ག་ལེར་སྣང་བ་སྣ་ཚོགས་འགུལ་ཡོང་ན།།

དྲན་པའི་ཆུ་བོ་གཏིང་ནས་བྲུག་བཞག་ན།།

སྙིང་གི་ཚ་ལུ་འདྲ་མོ་དྲན་རྒྱུ་རེད།།

དྲན་པ་ཕྱི་ནང་གཉིས་ཀ་དྲུངས་གཙང་གིས།།

མ་ཕྱིས་ངང་བའི་གཤིས་འདི་ཕྱི་རུ་དབྱུང་།།

ཉི་ཟླའི་གསེབ་ཏུ་འགུལ་བའི་འཛུམ་ཆུང་གེ།

ཤ་རུས་ཁྲོད་དུ་ཞུགས་པའི་བྱམས་ཀྱི་དཔའ།།

ང་ལ་ཐོབ་སོང་ཐོབ་པས་དགའ་སོང་ངོ་།།

ད་ནི་དྲིན་ཚོར་ཚོར་སྐད་དེ་ག་བསྒྲག། 

རྩོམ་སྒྲིག་པ། མགར་རྒྱལ་སྲས། 


  • ལེ་ཚན་སྔོན་མ།:སེམས་སོང་གི་མི།
  • ལེ་ཚན་རྗེས་མ།:སྐྱེལ་ཆང་།