མནའ། 2018-07-27
(Emi)ལ་བྲིས་པ།
ཁ་བ་མ་བབས་པའི་དགུན་གཞུང་ལ
ངས་དཀར་མདོག་གི་འཇིག་རྟེན་མཐོང་ན་འདོད
དཀར་གཙང་གཙང་གི་འཇིག་རྟེན་ཞིག་ཏུ
ང་རང་རྒུ་འབུ་བཏུ་བའི་བྱེའུ་ཞིག་ཡིན་ན་ཆོག
ང་ལ་མི་ཡུལ་གྱི་དག་ཞིང་མི་དགོས
ང་ལ་མཛེས་སྡུག་གི་ལང་ཚོ་ཡང་མི་དགོས
ཤིང་འགོ་རུ་ངས་རང་ཉིད་ཀྱི་གནས་མལ་བཟོ་ཆོག
ཐང་སྟོང་ནས་ངས་རང་གི་ཁ་ཟས་བཙལ་ཆོག
ངས་རང་རིགས་ཀྱི་བྱེའུ་ཁྱུ་འཚོས་ཏེ
རང་ཉིད་ཀྱི་གཤོག་ཟུང་ལ་ང་རྒྱལ་བསྐྱེད་ཆོག
བྱེའུ
ང་རང་བྱེའུ་ཞིག་ཡིན་ན་ཆོག
ཐ་ན་ངག་ལྐུག་པའི་བྱེའུ་ཞིག་ཡིན་ནའང་ཆོག
རྩོམ་སྒྲིག་པ།མགར་རྒྱལ་སྲས།
རྩོམ་གསར། 10