ཚུལ་བློ། 2018-07-27
དམིགས་ཡུལ་གྱི་ཆེད་དུ་གཤོག་པ་བསྣད་པ་ཐེངས་གཅིག་མིན་ཡང་།
སྒྱུ་མའི་མུན་འོབས་ནས་སྣང་བ་འཚོལ་བའི་གོམ་ཁ་ལྷོད་མ་མྱོང་།
ལམ་ལ་ཆས་ཐེངས་གང་མང་ཞིག་ལ།
སྡིག་སྒྲིབ་འཁོར་བའི་ཐ་སྙད་ག་ཚོད་ཅིག་རླུང་ལ་བསྐུར་ཡོད།
མིག་འབྲས་གཉིས་ཀ་གཙང་མར་བྱས་ཏེ།
རྨི་ལམ་གྱི་མཁའ་དབྱིངས་ནས་ཡང་ཡང་ལྡིང་སྐོར་བྱས།
གཤོག་ཟུང་གི་སྒྲོ་སྤུ་ཟད་པར་ཞེད་ཀྱིན།
ཡབ་མེས་ཀྱི་རྒྱང་སྐྱོད་སྙིང་སྟོབས་གང་དུ་བཙལ་ཀྱང་།
རླུང་གི་གཤོག་པས་གང་སར་ཁྱེར་བའི།
ཡབ་མེས་ཀྱི་སྒྲོ་སྤུ་ཙམ་ཡང་།
ལ་ལུང་གང་དུའང་བཞག་མེད་དོན་ཅི།
བྲག་ཐེམ་གང་ནའང་གཡུགས་མེད་དོན་ཅི།
ཁྱོད་ཀྱིས་གཟབ་ནན་གྱིས་འཚོལ་དགོས།
གཟབ་ནན་གྱིས་འཚོལ་བ་ནི་ཁྱོད་ལ་བཞག་པའི་བགོས་སྐལ་ཉག་གཅིག་གོ།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་གསར། 10