སྡོད་དབང་མེད་པའི་མི་ཚེ་འཁྱམ་པོ།

སྲིན་འབུ་དམར་པོ།        2018-07-27

སྡོད་དབང་མེད་པའི་མི་ཚེ་འཁྱམ་པོ།

སུས་ཀྱང་མགོ་རྩོམ་མ་མྱོང་ཞིང་སུས་ཀྱང་མཇུག་བསྡུ་མ་མྱོང་བའི

དཀར་ནག་གིས་བསྲེས་པའི་མི་ཚེ་འཁྱམ་པོ

ཅི་ཞིག་གི་སླད་དུ  ཚེ་འདིར་ཐོན

གང་ཞིག་གི་ཆེད་དུ  ཕྱི་མར་འགྲོ 

 

དོན་དངོས་ལ་ཅི་ཆ་མེད་པའི་ཤེས་པ་འཁྱམ་པོར

སུས་ཀྱང་ཆོ་ལོ་མ་སྦྱིན་མོད 

སྐད་ཅིག་ལའང་མི་སྡོད་པར་ཁྱོད་གང་དུ་རྒྱུགས

ཅི་བསམ་སྟེ་དམྱལ་བ་ལ་སོང  གང་དམིགས་ཏེ་མི་ཡུལ་དུ་ཐོན

 

ཐོག་མེད་ནས་བསགས་པའི་དཀར་ནག་གི་འབྲས་བུ

གང་ནས་བྱུང་ཞིང  ཡང་གང་ནས་གསུབ

སུ་ལའང་ཕོག་ཐུག་མི་བཟོ་བར

དབུས་ལམ་དེར་མི་ཕྱིན་དོན་ཅི

 

སེམས་པའི་ཁ་ཏོག་གིས་ཁྱོད་ལ་བདེ་སྡུག་ཇི་འདྲ་བསྐྲུན་སྲིད

ཆགས་སྡང་དང་མ་རིག་པས་ཁྱོད་ལ་ན་ཟུག་གང་འདྲ་སྟེར་མྱོང

ཅི་ཡང་ཧ་མི་གོ་བའི་སྨྱོན་པ་ཁྱོད

ཅིའི་ཕྱིར་བཙོན་ཏུ་བཟུང་བ་ཤེས་ཡོད་དམ།

རྩོམ་སྒྲིག་པ། མགར་རྒྱལ་སྲས། 


  • ལེ་ཚན་སྔོན་མ།:གྱེས་ཕྱག་སྔོན་དུ་ཕུལ་བའི་མིག་ཆུ་གཤེར་མོ།
  • ལེ་ཚན་རྗེས་མ།:རྒོད་པོ།