གྱེས་ཕྱག་སྔོན་དུ་ཕུལ་བའི་མིག་ཆུ་གཤེར་མོ།

བཙན་མི།        2018-07-25

སེམས་གཞས་རླུང་ལ་བརྡར་བའི་ཉིན་ཞག་ཁོལ་མོར།།

དཔྲལ་བའི་མེ་ལོང་ཁྱོད་ཀྱི་གདོང་ལ་གཙུག་སྟེ།།

སྲིད་པའི་ཁམས་ལ་ཡིད་ཀྱིས་རྒྱང་ལྟ་བྱེད་དུས།།

འདི་སྣང་འཁོར་བའི་སྣོད་བཅུད་གང་དང་གང་ན།།

ཚོར་བའི་ལྦུ་ཆང་བཞེས་མཁན་ཁྱོད་ལས་མི་འདུག།

མ་བཅོས་གཉུག་མའི་གཤིས་ལ་སེར་ཐིགས་ལྷུང་ཞིང་།།

རྟགས་འཛིན་དྲན་གཞས་ནང་ལ་ངུ་སྐད་འཁྱིལ་དུས།།

ཁྱོད་ཀྱི་གཞིས་ལ་བཏབ་པའི་བག་ཆགས་སྦར་གང་།།

རྨི་ལམ་ནང་ནས་སྒུག་པའི་སྨོན་འདུན་དཀར་པོ།།

དོ་ནུབ་གཤེར་གཟུགས་ཡིན་པའི་གཏམ་རྒྱུད་ནག་པོ།།


  • ལེ་ཚན་སྔོན་མ།:ལབ་བརྡོལ་ཐོར་བུ།
  • ལེ་ཚན་རྗེས་མ།:སྡོད་དབང་མེད་པའི་མི་ཚེ་འཁྱམ་པོ།