ལྷོ་སྨོན། 2018-07-02
ཡར་ཀླུང་གི་གྲུ་ཟུར་འདི་ན།
འགྱིང་ངེར་གནས་པའི་ཡུམ་བུ་བླ་མཁར།
སེར་མདོག་གི་རྒྱ་ཕིབས་ལས་འཕྲོས་པའི།
ཉི་ཟེར་གྱི་བང་རིམ་ལས།
བཙན་པོ་སྲོང་བཙན་གྱི་གཟི་བྱིན་མངོན།
བླ་མཁར་གྱི་གཤམ་འོག་འདི་ན།
རྡོ་ཡི་ཁྲི་ལ་བཞུགས་པའི་བློན་པོ་མགར།
ཁྱེད་ཀྱི་མཐུ་དང་སྟོབས་ལས་འཁྲུངས་པའི།
དྭངས་གཙང་གི་ཆུ་མིག་འདི་ལས།
བློན་པོ་ཁྱེད་ཀྱི་རྣམ་དཀར་ལྷག་བསམ་མངོན།
རྡོ་གཡམ་གྱི་བཞེངས་པའི་ཐེམ་སྐས་རེ་རེ།
མེས་པོ་ཡི་རྗེས་ཤུལ་བསྙེག་པའི་ལམ་ཕྲན་ཡིན་ན།
ཐང་ལ་གནས་པའི་འཕྲུལ་གྱི་ཆུ་མིག
མེས་པོས་གནང་བའི་ངལ་སེལ་གྱི་བདུད་རྩི་འདི་ལོས་ཡིན།
རྩོམ་གསར། 10