སྐལ་བཟང་རྡོ་རྗེ། 2018-07-02
རྨི་ལམ་མེ་ཏོག་རུམ་ནས།།
འཚོ་བའི་འདབ་མ་བཞད་ཚེ།།
ལུས་ངག་ཡིད་ཀྱི་མཆོད་པ།།
ལྔ་བཞིའི་དུས་ལ་ལོས་འབུལ།།
སྐྱ་ཁྲ་བེམ་གཟུགས་ནག་རིལ།།
ཆེ་ཆུང་ལས་དང་འགྲོགས་ནས།།
ལང་ཚོ་དར་ལ་བབས་པས།།
ལྔ་བཞིའི་རྟེན་འབྲེལ་ལོས་འགྲིག།
གླེང་མོལ་ལྐུགས་ཀྱི་རྣམ་གཞག།
ལེགས་ཉེས་བླང་དོར་གཤིབས་ནས།།
སྨྲ་མཁས་ནུས་པ་སོན་ནས།།
ལྔ་བཞིའི་རྒྱན་ཆ་ལོས་འདོགས།།
དམར་ཆུང་སྙིང་གི་དཀྱིལ་འཁོར།།
འོད་ཀྱི་སློབ་གསོར་ཕྱོགས་ཚེ།།
ཉི་ཟླའི་དྲིན་ལན་མངོན་པ།།
ལྔ་བཞིའི་ལས་དབང་ལོས་ཡིན།།
རྩོམ་གསར། 10