བྱིས་པ།

གངས་ཆར།        2018-06-01

བྱིས་པ་ནི་མེ་ཏོག་རེད།

བྱིས་པ་ནི་མ་འོངས་པ་རེད།

བྱིས་པ་ནི་མ་འོངས་པའི་མེ་ཏོག་རེད།

ང་ཚོས་མ་འོངས་པའི་ཆེད་དུ།

མེ་ཏོག་སོས་པ་རེ་རེ་ཅི་ནས་ཀྱང་གསོ་དགོས།

 

བྱིས་པ་ནི་རེ་བ་རེད།

བྱིས་པ་ནི་སྟོབས་ཤུགས་རེད།

བྱིས་པ་ནི་རེ་བའི་སྟོབས་ཤུགས་ཡིན།

ང་ཚོས་རེ་བ་དང་སྟོབས་ཤུགས་སེམས་སུ་བཅངས་ནས།

བྱིས་པ་རྣམས་ལེགས་པར་བསྐྱང་དགོས།

 

བྱིས་པ་ནི་འོད་ཟེར་རེད།

བྱིས་པ་ནི་ཉི་ཟླའི་འོད་ཟེར་རེད།

བྱིས་པ་ནི་མ་འོངས་པའི་སྨག་རུམ་གསལ་བྱེད་ཀྱི་སྒྲོན་མེ་རེད།

ང་ཚོར་འོད་ཟེར་སྟོང་ལྡན་གྱི་མ་འོངས་པ་དགོས་ཕྱིར།

འོད་ཟེར་དང་འདྲ་བའི་བྱིས་པ་རྣམས་བྱམས་ཀྱིས་བསྐྱང་དགོས།

 

བྱིས་པ་ནི་བྱིས་པ་རེད།

བྱིས་པ་ནི་ང་ཚོའི་ལུས་ནས་བཞུར་བའི་ཟུངས་ཁྲག་རེད།

ངུ་ཆོག་ཆོག་འདི་བྱིས་པ་ཡིན་ལ།

དགོད་ཆོག་ཆོག་འདི་ཡང་བྱིས་པའོ།།

བྱིས་པ་ནི་རང་ཉིད་ཀྱི་ལོ་རྒྱུས་ཡིན་པ་མ་བརྗེད་རོགས།


  • ལེ་ཚན་སྔོན་མ།:འཁྲུལ་སྣང་།
  • ལེ་ཚན་རྗེས་མ།:ང་ཚོ་བྱིས་པའི་དུས་སྟོན་རོལ་དུ་འགྲོ།