འདི་ནས་ཕར་ལ་འགྲོ།

ནོར་བུ་སངས་རྒྱས།        2018-05-14

སྤྲིན་པ་དཀར་པོ་དེ་དེད་ནས་ཕར་ལ་འགྲོ།

ཉི་འོད་འཇམ་པོ་དེ་དེད་ནས་ཕར་ལ་འགྲོ།

ལམ་ཐག་རིང་པོ་དེ་དེད་ནས་ཕར་ལ་འགྲོ།

སྤྲིན་པ་དཀར་པོས་མཛེས་པའི་ཡུལ་དེ།

ཉི་འོད་འཇམ་པོས་དྲོས་པའི་ཡུལ་དེ།

ལམ་ཐག་རིང་པོས་ཆོད་པའི་ཡུལ་དེ།

ངའི་སྙན་ངག་གི་ཕ་ཡུལ་ཡིན།

ངའི་དྭངས་གཙང་གི་ཕ་ཡུལ་ཡིན།

ངའི་བྱིས་དུས་ཀྱི་ཕ་ཡུལ་ཡིན།


འདི་ནས་ཕར་ལ་འགྲོ།

སྤྲིན་པ་དཀར་པོ།

ཉི་འོད་འཇམ་པོ།

ལམ་ཐག་རིང་པོ།

དེ་དག་དེད་ནས་ཕར་ལ་འགྲོ།


སྙན་ངག་གི་ཕ་ཡུལ།

དྭངས་གཙང་གི་ཕ་ཡུལ།

བྱིས་དུས་ཀྱི་ཕ་ཡུལ།

དེ་དག་བསམ་ནས་ཕར་ལ་འགྲོ།


གྲ་ནང་།

གྲ་ནང་། རིག་པའི་འབྱུང་གནས་རེད།

སེམས་ཀྱི་ཕ་ཡུལ་སེམས་ཀྱིས་མཇལ་དུས།

སེམས་ལ་ཉི་འོད་ཤར་བྱུང་།

ཉི་འོད་དེ་དྲོ་སོབ་སོབ་རེད།

ངའི་སེམས་པ་ཡོངས་སུ་དྲོས་བྱུང་།


ཉི་འོད་ལྟ་བུའི་སྐྱེས་ཆེན་བཅུ་གསུམ།

གྲ་ནང་ནས་འཁྲུངས་ཡོད།

གྲ་ནང་། ཤེས་རིག་གི་ཕ་ཡུལ་རེད།

གྲ་ནང་། མེས་པོའི་ཡིག་ཚང་རེད།


ཟླ་འོད་ལྟ་བུའི་མཁས་པ་མི་བཞི།

གྲ་ནང་ནས་འཁྲུངས་ཡོད།

གྲ་ནང་། ལག་ཤེས་ཀྱི་ཕ་ཡུལ་རེད།

གྲ་ནང་། གསར་གཏོད་ཀྱི་ཕ་ཡུལ་རེད།


གྲ་ནང་། སྣམ་བུའི་ཕ་ཡུལ་རེད།

སྣམ་བུ་ལྗང་ཁྲའི་ཕ་ཡུལ་རེད།

སྣམ་བུ་ལྗང་ཁྲ། གྲ་ནང་གི་ཐོན་རྫས་རེད།

སྣམ་བུ་ལྗང་ཁྲ། གྲ་ནང་གི་མཛེས་རྒྱན་རེད།


གླག་རྒོད།

ནམ་མཁའ་འབྱམས་ཀླས་པ་རེད།

བྲག་རི་གཡང་གཟར་བ་རེད།

ནམ་མཁའ་དང་བྲག་རིའི་བར་ན།

ཁྱེད་ཀྱི་རྣམ་ཤེས་ལུས་འདུག

གླག་རྒོད

མཐོ་ས་ནས་མཐོ་སར་འཕུར་དང་།

གཤོག་ཟུང་དེ་ལྡེམ་ཤུགས་ངང་བརྐྱང་ཆོག

རྩྭ་ཐང་དང་གངས་རི་མཇལ་ཐུབ།

དམའ་ས་ནས་དམའ་སར་འཕུར་དང་།

གཙང་པོ་དེ་ཧད་ཀྱིས་བརྒལ་ཆོག

གཙང་འགྲམ་གྱི་སྨིག་རྒྱུ་རིག་ཐུབ།


  • ལེ་ཚན་སྔོན་མ།:མཛེས་པའི་འཕྱོངས་རྒྱས། བོད་ཀྱི་ཕ་གཞིས།
  • ལེ་ཚན་རྗེས་མ།:རེ་འདོད་ཡིད་ཀྱི་འབོད་པ།