ང་དང་དཀར་མཛེས་ཚགས་པར།

གངས་ཆར།        2018-05-04

ང་དང་དཀར་མཛེས་ཚགས་པར།

བརྩེ་བ་ཟབ་མོ་ཞིག་ཀ་ཁའི་དབྱངས་སུ་གྱེར་བཞིན།

དྲན་པ་རིང་མོ་ཞིག་གིས་རི་ཀླུང་ཐང་གསུམ་རྒལ་བཞིན།

སེམས་དབུས་ཀྱི་དགའ་སྐྱོ་ཆགས་སྡང་ཡོད་ཚད།

ཁ་བ་བཞིན་མི་རྣམས་ཀྱི་སེམས་དབུས་སུ་འབབ་ལ།

མེ་ཏོག་བཞིན་མི་རྣམས་ཀྱི་སེམས་དབུས་སུ་བཞད།

 

དཀར་མཛེས་ཚགས་པར།

སྙན་ངག་གི་ལམ་བུའི་ངོས་སུ་བཞད་པའི་མཛེས་ལྡན་གྱི་མེ་ཏོག

མེ་ཏོག་འདིར་དབྱངས་གསལ་གྱི་བླ་སྲོག་ལྡན་ལ།

དབྱངས་གསལ་གྱི་རེ་བ་དང་མཚར་སྡུག་ཡོད།

རེ་བ་འདི་སྙན་ངག་གི་རེ་འབོད་དང་མཚར་སྡུག་

འདི་སྙན་ངག་གི་ལྷན་སྐྱེས་ཡིན།

 

དཀར་མཛེས་ཚགས་པར།

ཁ་ཆར་ཀློང་གི་མི་བུ་སྙིང་སྟོབས་ཅན་ཞིག

སྙིང་སྟོབས་འདི་དབྱངས་གསལ་ལ་བཅངས་པའི་དད་པ་ཞིག

དད་པ་འདི་ཆར་གྱིས་བརླན་མི་ཐུབ་ལ་མེ་ཡིས་སྲེག་མི་ཐུབ།

 

ང་དང་དཀར་མཛེས་ཚགས་པར།

སྙན་ངག་ཅིག་སེམས་སུ་བཞེངས་ནས།

རེ་བ་ཞིག་འཚོ་བའི་སྒེའུ་ཁུང་ནས་བསུ།

 

ང་དང་དཀར་མཛེས་ཚགས་པར།

སྙན་ངག་དང་འཚོ་བའི་ངོ་རིས་གསལ་བའི་མེ་ལོང་།


  • ལེ་ཚན་སྔོན་མ།:《ཁམས་པའི་ཚགས་པར》གྱི་རང་གཤིས་རྣལ་མར་བརྗོད་པ།
  • ལེ་ཚན་རྗེས་མ།:ཚོར་བའི་དབྱངས།