འབྲོང་།

རོ།        2018-05-04

དྲན་གདུང་དེའི་དབང་གིས།

བདག་ནི་ལྐོག་ཏུ་ངུས།

གྲང་ངར་དང་ལོ་མའི་གསེབ་ཏུ།

བདག་ལྐོག་ལྐོག་སུད་སུད་ངང་ངུས།

མི་ལོ་མང་པོ་མང་པོ་ཞིག་ལ།

སྐུད་པ་ཕྲ་མོའི་ནང་གི་བརྩེ་བར་མྱངས།

 

གངས་རི་དེའི་ཕར་ཚུར་ནས།

བདག་གིས་ཆུ་ཧུབ་གང་རེ་བཏུང་སྟེ།

རྩྭ་ཐང་གི་མེ་ཏོག་ལ་གླུ་དབྱངས་བླངས།

གློག་ཐབ་གོར་གོར་དེའི་རྐྱེན་གྱིས།

བདག་གི་འབྲོང་ཁྱུ་ཐང་ནས་བོར།

རྨིག་སྒྲ་དང་བཅས་ཏེ་བོར་སོང་ཨང་།


  • ལེ་ཚན་སྔོན་མ།:བསྟོད་པའི་ཚོམས།
  • ལེ་ཚན་རྗེས་མ།:ང་དང་དཀར་མཛེས་ཚགས་པར།