ཉི་ཚེ། 2018-04-10
དོ་དགོང་། ང་རང་དར་མདོ་ན་ཡོད།
ངས་གཏམ་རྒྱུད་ཀྱི་བར་གསེང་ནས།
གསར་དུ་བཙས་པའི་གྲོང་ཁྱེར་འདིའི་མཚན་མོ་འཐུ་བཞིན་ཡོད།
སྙན་ངག་པའི་ཞེ་གྲོ་མངར་མོ།
འགྲུལ་བཞུད་པའི་སྣང་བའི་ཁ་དོག
རི་བཞིའི་ལྷུམས་སུ་གཅེས་པར་འཛུམ་ལ།
ལྷ་དང་ཀླུ་ཡི་ཐུགས་ལ་བཏེགས་ཤིང་།
སྐར་ཚོགས་དང་གློག་འོད་ཀྱི་རུམ་ཁ་ན།
ལྷེམ་ལྷེམ་ཏུ་འགུལ་བའི་བུ་མོ་བཞིན།
ཇ་དང་མཛའ་གཞས་ཀྱི་ལོ་རྒྱུས་རུམ་ཞིང་།
ལྷོད་ཤ་ཆགས་པའི་འཛུམ་མདངས་ལྷུག་པར་དགོད་འདུག
དོ་དགོང་།
དར་མདོ་གསར་བསུས་ཀྱི་དམག་གསར་ཞིག་ཡིན་ལ།
འོ་དྲིས་ངོ་གདོང་སྦགས་པའི་གཞོན་ནུ་མ་དེ་ཡིན།
དོ་དགོང་གི་དར་མདོ།
རྨིས་མ་མྱོང་བའི་རྨི་ལམ་ཞིམ་པོ་ཞིག་རེད་འདུག
རྩོམ་གསར། 10