སྟོན་ཟླ་བརྒྱད་པའི་སྙན་ངག

སྦྲང་བུ།(དཀར་མཛེས)        2018-01-15

ལུས་སོགས་སྨྲེང་བ་དུ་མའི་གཙང་བོ་ནང་།།

འཁོར་བའི་དངུལ་གྱི་ལོ་མའི་ལྗང་མདོག་དེ།།

སྟོན་མཇུག་ལོ་མ་སེར་པོའི་བགྲེས་པོར་གྱུར།།

ཟླ་བརྒྱད་ཚང་ནས་ཞེ་འདྲེས་ཡག་མོ་རེར།།

ལོ་མའི་སྟེང་གི་སྟོན་ཁའི་མེ་ཏོག་རྙེད།།

མེ་ཏོག་རེ་ཞིག་སྙན་ངག་བཅད་མ་རེར།།

གང་ན་འཚམས་ན་དེ་རུ་སྙན་ངག་བཅའ།།

སྙན་ངག་ཚོན་པོའི་སྟོན་ཁའི་རང་བཞིན་མཚོན།།

 

 

སྣང་བ་ཙག་ཙིག་བྱ་དངོས་རང་སྣང་དག །

ལོ་མ་གཅོང་པོའི་ལུས་སེམས་འཁྱོངས་པའི་དུས།།

ངས་ནི་སྟོན་མཇུག་སྣང་བའི་གཟུགས་དེ་ན།།

འདབ་མ་སེར་པོའི་ལུས་ངག་དེ་རུ་གཡེང་།།

སྣང་བ་གཅང་བའི་སྲོད་ཀྱི་ཕ་བོང་འགྲུབ།།

ལོ་ཏོག་སྨིན་པའི་འདུ་ཤེས་བཅོས་མིན་ཞིག །

ཛམ་བྷའི་ཕོ་བྲང་ཉམས་དགའ་བཅིངས་སོང་བས།།

གོལ་བ་དང་ནི་འཁྲུལ་སྣང་རེ་ཞིག་བསམས།།

 

 

འདས་དོན་སོང་ཞིང་བགྲང་བྱའི་ཞལ་ངོ་ནས།།

དུས་བཞིའི་ལུས་ཕུང་ངག་ནས་བསྐྱུགས་པའི་དུས།།

མི་རྟག་ཟེར་བའི་ཆོས་ཉིད་བདེན་པས་མཐོང་།།

རིམ་བཞིན་ལུས་པའི་རི་གྲོང་བས་མཐའ་ན།།

ཕྱི་ཡི་རོལ་དབྱངས་སིལ་སིལ་དལ་བར་གྲག །

ནང་གི་སེམས་པ་འཇིག་རྟེན་མཁར་རྫོང་ན།།

སྟོན་ཁའི་མི་ལ་གཟུགས་འདས་མིག་ཆུ་འཇོག།

སྟོན་ཁ་དེ་ཡང་སེམས་ཡོད་བརྗོད་པ་འདྲ།།

 


  • ལེ་ཚན་སྔོན་མ།:ཚངས་དབྱངས་རྒྱ་མཚོ།
  • ལེ་ཚན་རྗེས་མ།:སྙན་ངག་པ་ནག་མོ་ཁོལ།