སྙན་ངག་པ་ནག་མོ་ཁོལ།

བོད་ཚྭ་ཁུ། གསེར་རྟ།        2018-01-15

རྒྱངརིང་ཞིག་ནས་མི་ཞིག་དྲན་ཚུལ་གསུངས།།

དྲན་ཚུལ་སྙིང་རྗེ་ཞིག་གིས་རང་སེམས་བསྲུངས།།

འདི་ཡང་ཅི་འདྲར་སེམས་ལ་བབ་མོ་ཞིག།

བཤད་པ་བདེན་ན་འདི་ཡང་ཧ་ཅང་སྙན།།


རྒྱང་རིང་རྒྱང་རིང་ཞིག་ནས་སྐད་ཅིག་བསྐུར།།

ཁྱོད་ཀྱིས་ང་རང་དྲན་ནས་མྱངས་བ་བཅས།།

དེ་ཙམ་འུད་བརྗོད་ཆེ་བའི་སྐོར་ཞིག་བྲིས།།

ནག་མོ་ཁོལ་གྱིས་སྟོང་བསམ་ལུང་པ་གང་།། 

 

སྐྲ་ལོ་འཕྱང་རབ་ཁོ་བོ་དྲན་རབ་དང་།།

སྡུག་གི་ཡོད་རབ་ཁྱོད་ཉིད་ཐོན་དུས་སུ

ངུ་བའི་ཤེལ་དཀར་མུ་ཏིག་འཐོར་བ་སོགས།།

ཅི་འདྲས་བཏོན་ན་སྙན་པའི་ཚོད་ཅིག་རེད།།

 

གངས་ཀྱི་མེ་ཏོག་གྲངས་ཀ་བསླངས་པ་དང་།།

ལམ་ནས་མ་འདུག་མྱུར་མོར་ཕེབས་རོགས་སོགས།།

རྨ་བྱར་འཕྲད་དུས་ཨེན་ཙམ་འདུག་ཆོག་ཅེས།།

བཀའ་གནང་དེ་དག་གྲལ་དག་སྒྲོས་གཙང་ཞིག།


ང་ཡིས་བསམ་ན་དེ་ཙན་དྲན་མི་སྲིད།།

བཙན་གྱིས་བཞག་པའི་དགའ་ལོའི་སྙིང་ཤ་ལ།།

ཁྱོད་ཀྱི་དྲི་ཙམ་བྲོ་ན་ཨེ་མ་རྨད།།

ཆེན་པོའི་ཆེན་པོ་དེ་དག་བརྗོད་སྙིང་མེད།།


  • ལེ་ཚན་སྔོན་མ།:སྟོན་ཟླ་བརྒྱད་པའི་སྙན་ངག
  • ལེ་ཚན་རྗེས་མ།:མི་ཡུལ་གྱི་ལས་དབང་།