ཡིག་འབྲུའི་གཞས་ཆུང་།

སྨོན་ལམ་བཟང་མོ།        2017-12-01

གངས་ཅན་ཁ་བའི་ལྗོངས་ལ།།

གཏེར་མཛོད་ཕུན་སུམ་ཚོགས་ཀྱང་།།

ཡིག་འབྲུ་ཨ་ལི་ཀ་ལི།།

རིན་ཆེན་གསེར་ལས་དཀོན་ནོ།།


འཛམ་གླིང་ཡང་བརྩེ་འདི་ན།།

རིག་གནས་ཕུན་སུམ་ཚོགས་ཀྱང་།།

ཡིག་འབྲུ་ཨ་ལི་ཀ་ལི།།

རིག་གཞུང་ཀུན་གྱི་གཞི་འོ།།

མུ་མེད་ནོར་འཛིན་སྟེང་དུ།།

མཁས་མཆོག་ཤིན་ཏུ་མང་ཡང་།།

ཡིག་འབྲུ་ཨ་ལི་ཀ་ལི།།

ཀུན་གྱི་རྟེན་གཞི་ཡིན་ནོ།།


སྒྱུ་རྩལ་མེ་ཏོག་སྣ་ཚོགས།།

གཅིག་ལས་གཅིག་གིས་ནུས་ཀྱང་།།

ཡིག་འབྲུ་ཨ་ལི་ཀ་ལི།།

མཛེས་པ་ཀུན་གྱི་གཞི་འོ།།


  • ལེ་ཚན་སྔོན་མ།:རང་གིས་རང་ལ་གྲོས་འདེབས་པ།
  • ལེ་ཚན་རྗེས་མ།:གཡང་གི་མཚོ་མོ་རང་འཁྱིལ།