རང་གིས་རང་ལ་གྲོས་འདེབས་པ།

ཚེ་རིང་སྒྲོན་མ།        2017-12-01

དུས་རབས་གསར་པའི་མཁའ་དབུགས་གཙང་མའི་འོག།

རྒྱལ་ཁམས་མིག་གིས་གསལ་བའི་སྐད་ཡིག་རིགས།།

བག་ཙམ་སྦྱང་བའི་རང་དབང་ལྷུན་གྱིས་གྲུབ།།

དོན་འདི་བསམ་ན་རང་ཉིད་ལས་ཅན་ཞིག།


དགེ་བའི་བཤེས་གཉེན་ལེགས་པའི་ལམ་སྟོན་མཛད།།

གཞུང་ལུང་མང་པོར་ཐོས་བསམ་རྣལ་མས་སྦྱངས།།

སློབ་གྲོགས་བཟང་བོའི་རྣམ་རིག་རྩལ་གྱིས་བརྡར།།

དོན་འདི་བསམ་ན་ང་ནི་ལས་ཅན་ཞིག།


ད་དུང་མ་འོངས་མི་ཚེ་ལྷག་མ་འདི།།

ཅིས་ཀྱང་རིག་གཞུང་ཀློང་ནས་རྫོགས་དགོས་པ།།

བུ་མོ་ང་ཡི་དམ་ཚིག་དང་པོ་སྟེ།།

དོན་འདི་བསམ་ན་ང་ནི་ལས་ཅན་ཞིག།


ཚིག་ལ་སྙན་ཆ་བྲལ་བའི་རྩོམ་ཐུང་འདི།།

དོན་གྱི་བཤད་པ་དྲང་མོ་དྲང་བཞག་ཉིད།།

དེ་སྔར་ལས་ཀྱིས་མྱངས་བའི་མྱོང་བ་དག།

རང་གིས་རང་ལ་གྲོས་ཤིག་འདེབས་པ་ཙམ།།


  • ལེ་ཚན་སྔོན་མ།:སྟོན་མཇུག་གི་ས་སྲོད།
  • ལེ་ཚན་རྗེས་མ།:ཡིག་འབྲུའི་གཞས་ཆུང་།