དམིགས་བསལ་སློབ་གྲྭ།

སྐལ་བཟང་ཆོས་གྲགས།        2016-04-11

འདི་ན་ནི་དྲོད་སྐྱིད་ཉི་འོད་འཚེར་བའི་མཁའ་དབྱིངས་ཡིན།
  འདི་ན་ནི་བདེ་སྐྱིད་དགེ་མཚན་འབྱུང་བའི་ཞིང་ཁམས་ཡིན།
  དྲག་རླུང་བུ་ཡུག་འཚུབ་པ་དང་།
  ནམ་མཁའ་མུན་ནག་འཐིབ་པའི་དུས།
  ངའི་སྙིང་ཉེ་བའི་རྒོད་ཕྲུག་ལགས།
  ཁྱོད་ལ་འཕུར་རྩལ་ངོམ་པའི་གཤོག་སྒྲོ་ཆད་སོང་ནའང་།
  ངས་བྱམས་སྐྱོང་གིས་ལག་ཟུང་ཁྱེད་ལ་བརྐྱང་འདོད།
  གཡའ་དག་པའི་མཁའ་དབྱིབས་ཀྱི་ཉི་ཟེར་བཞིན།
  ཁྱེད་སེམས་ཁོངས་ཀྱི་སྤྲིན་ནག་བསྐྲད་ནས།
  མདུན་སྐྱོད་ཀྱི་སྐྱ་རེངས་འོད་ཟེར་འཕྲོ་རུ་འཇུག་རྒྱུ་ཡིན།
  • ལེ་ཚན་སྔོན་མ།:གཡག་ཀོ།
  • ལེ་ཚན་རྗེས་མ།:ང་དང་ཨ་མ།