ཁྱོད་ལ་དགའ་བའི་སེམས།

ཟླ་བ་ཁེར་འགྲོ        2016-06-06

མཛེས་འཛུམ་མེ་ཏོག་དེ་དང་།།
ངང་བཟང་ངག་འཇམ་དེ་ཡིས།།
སེམས་པ་ཉག་ཕྲན་མདའ་མོ།།
དགའ་བའི་གཞུ་མོ་བརྒྱུད་དེ།།
དམིགས་པའི་འབེན་ལ་ཕོག་སོང་།།
སྟོན་ཟླའི་ཚེས་བཟང་ཉིན་ལ།།
ཁྱོད་ཀྱིས་སྙན་པའི་ངག་དེ།།
དར་ལུང་བུ་གས་གསན་ལ།།
མཛེས་པའི་འཛུམ་ཞལ་དེ་ག།
མིག་ཟུང་བརྒྱུད་ནས་མཇལ་ཡོད།།
རྒྱུ་རྐྱེན་རྟེན་འབྲེལ་བཟང་བས།།
མཛེས་པའི་རྒྱ་སེ་རྐང་གཅིག།
སེམས་པའི་ནང་ལ་འཐིམ་སོང་།།
དྲན་པའི་ངོས་ལ་དོད་སོང་།།
ཞེ་ལ་བབས་པའི་མི་ལ།།
དགའ་བ་གཞན་དང་མི་འདྲ།།
དུང་བ་དེ་ལས་ལྷག་ཡིན།།
མཇལ་བའི་དུས་ཤིག་ཡོད་ན།།
བརྩེ་བ་ཆང་དམར་དེམ་གང་།།
ཁྱོད་དང་ལྷན་དུ་འཐུང་ཞོར།།
སྙིང་ནས་གཏམ་ཞིག་འཆད་འདོད།།
  • ལེ་ཚན་སྔོན་མ།:དྲུག་གཅིག་བྱིས་པའི་དུས་ཆེན་ལ་ཕུལ་བའི་ཀ་བཤད།
  • ལེ་ཚན་རྗེས་མ།:སྲོལ་རྒྱུན།