དམངས་གཞས།

        2016-04-13

         རྫ་རི་གངས་རི་མཉམ་འདུག་རེད།།
  གངས་རི་མི་འདུག་འགྲོ་ལེ་རེད།།
  རྫ་རི་བསམ་པ་མ་སྡུག་དང་།།
  དགུན་ཟླ་གསུམ་ཤར་དུས་ཡོང་ལེ་རེད།།
  སྤང་དང་མེ་ཏོག་མཉམ་འདུག་རེད།།
  མེ་ཏོག་མི་འདུག་འགྲོ་ལེ་རེད།།
  སྤང་རི་བསམ་པ་མ་སྡུག་དང་།།
  དབྱར་ཟླ་གསུམ་ཤར་དུས་ཡོང་ལེ་རེད།།
  ཤར་ལུ་སྨན་ཆུང་མཉམ་འདུག་རེད།།
  ཤར་ལུ་མི་འདུག་འགྲོ་ལེ་རེད།།
  སྨན་ཆུང་བསམ་པ་མ་སྡུག་དང་།།
  ཚོང་ཡག་མོ་ཡོད་དུས་ཡོང་ལེ་རེད།།
  སྐྱིད་ཤར་ལུ་གངས་ཀྱི་གཞི་བདག་རེད།།
  བསང་རླུང་རྟ་ཡོད་ན་ཇེ་རྫིག་རེད།།
  རྟ་འདོ་ལུ་རི་སྐེད་སྨུག་ཆུང་རེད།།
  རླུང་བསིལ་བུ་གཡུག་ན་ཇེ་མགྱོགས་རེད།།
  སྨན་བུ་མོ་མཚོ་ཁའི་མེ་ཏོག་རེད།།
   ཆར་ཟིམ་ཟིམ་བབས་ན་ཇེ་ཡག་རེད།།
  • ལེ་ཚན་སྔོན་མ།:མགུར་མོ།
  • ལེ་ཚན་རྗེས་མ།:ཟུག་རྔུ།