ཤར་ཕྱོགས་སྤྲིན་པ་དཀར་པོ།།
ལུ་གུའི་བལ་ལ་གྱུར་སོང་།།
རང་གཉིས་བསམ་པ་མཐུན་ན།།
མི་རེར་གོས་རེ་དྲུབ་ཆོག།
བསམ་ཡས་བྱེ་མའི་ནང་ནས།།
མུ་ཏིག་ཕྲེང་བ་རྙེད་བྱུང་།།
ཕྲེང་བ་མ་ཟད་བར་དུ།།
ཕྲེང་ལུང་བརྗེ་ས་མ་རེད།།
ལྷ་སའི་བར་སྐོར་ནང་ནས།།
ང་རང་གཡུ་ཞིག་རྙེད་བྱུང་།།
ནམ་མཁའི་བླ་མ་དཀོན་མཆོག །
གཡུ་དེ་བྲག་དཀར་ཡིན་དགོས།།
ལྷ་སའི་བར་སྐོར་ནང་ནས།།
གསེར་གྱི་ལྗགས་གླིང་བུད་བྱུང་།།
འབུད་མཁན་སུ་ཡིན་མི་ཤེས།།
ཉན་མཁན་བསམ་པ་དགའ་བྱུང་།།