མ་ཡུམ་སློབ་གྲྭ
མི་ཉག་རྫོགས་ཆེན་སློབ་གྲྭ།(ཡ་མ་པད་ལོ།) 2014-07-03
ཡངས་ཡངས་སྤང་ཐང་སྔོན་མོའི་ཐང་ཆེན་ཡངས། །
བཟང་བཟང་ས་ཡི་དགེ་བཅུའི་དཔལ་ཡོན་བཟང་། །
ཆགས་ཆགས་བཞག་བྲ་ལྷ་རྩེའི་འདབས་ན་ཆགས། །
མཛེས་མཛེས་མ་ཡུམ་སློབ་གྲྭའི་ཚལ་འདི་མཛེས། །
འཁྱིལ་འཁྱིལ་རིག་གཞུང་འོ་མའི་རྒྱ་མཚོ་འཁྱིལ། །
མཐུན་མཐུན་སློབ་གྲོགས་ཕན་ཚན་མཛའ་ཞིང་མཐུན། །
བརྩོན་བརྩོན་ཤེས་བྱ་ཀུན་ལ་ཕྱོགས་མེད་བརྩོན། །
དུངས་དུངས་མ་ཡུམ་སློབ་གྲྭའི་གླིང་ལ་དུངས། །
འཛོམས་འཛོམས་མ་ཡུམ་སློབ་གྲྭའི་གླིང་ལ་འཛོམས། །
གཅེས་གཅེས་ཕ་སྐད་གཙང་མ་སྙིང་ནས་གཅེས། །
རྒྱས་རྒྱས་མདོ་དབུས་ཁམས་གསུམ་སྙན་གྲགས་རྒྱས། །
བསྟོད་བསྟོད་སྙན་ཚིག་འབུམ་གྱིས་ཁྱོད་ལ་བསྟོད། །