འགྱེལ་ཡང་སླར་ལངས་དགོས།
དུང་དཀར་པོ་ཞེ་གསུམ་མ་དང་དེའི་མཚེ་གྲོགས་རྣམས་ལ་ཕུལ་བའི་སྐད་ཆ།
མདང་ནུབ་ངས་རྨི་ལམ་ཞིག་རྨིས།
རྨི་ལམ་དེར་ང་ཐེ་ཚོམ་ཞིག་སྐྱེས་མོད།
འོན་ཀྱང་། ངས་སུའང་མ་བཤད།
དེ་རིང་གི་འཕྲིན་པ་དེས།
ང་ལ་གཏམ་དཔེ་ཞིག་ཡོངས་སུ་ཚུར་སྣང་བྱས།
ཐན་དང་རྨི་ལམ་ཆ་མཚུངས།
ཅི་འདྲའི་ཁ་ལ་བདེ་ཞིང་སྙིང་ལ་མི་བདེ་བའི་སྐད་ཆ་ཞིག
ཅི་འདྲའི་རྣ་ལ་གཟན་ཞིང་ཞེ་ལ་བརྣག་དཀའ་བའི་གཏམ་དཔེ་ཞིག
ལྷག་ཏུ་ཡང་། བདེན་པ་སྟོན་ཞིང་གཟུ་བོར་གནས་པའི་ཚིག་དུམ་ཞིག
ང་ཚོ་འགྱེལ་སྲིད་ཀྱང་སླར་ཡང་ལངས་དགོས།
མཱར་ཊིན་ལོའུ་དྷེར་ཁིན་གྱི་མན་ངག་ལ་བསམ་བཞིན།
འགྲོ་མ་ཐུབ་ནའང་གོག་དགོས་ངེས་རེད།
གྲངས་ཀ་ཞིག་གིས་ཅི་ཡང་མི་མཚོན་ལ།
གང་ཡང་གསལ་བཤད་བྱེད་མི་ཐུབ་མོད།
འོན་ཀྱང་།
ང་ཚོ་ལའང་མི་བུ་ཞིག་གི་མགོ་སྐེ་ཕྲག་གསུམ་ཚང་དགོས་པས།
ང་ལ་གྲང་འདར་ཞིག་མི་རྒྱག་ཁག་མེད་རེད།
ཡིན་ན་ཡང་། ང་ཚོ་ལ་འགན་ཁུར་ལྕི་བས།
ང་ཚོ་འགྱེལ་ནས་མི་སྡོད་པར།
ཨུ་ཚུགས་ཀྱིས་འགྲོ་དགོས།
མུ་མཐུད་དུ་མདུན་སྐྱོད་བྱ་དགོས།
ངའི་སྙིང་ཉེ་བའི་གྲོགས་པོ་ཚོ།