ཉིན་གཅིག་གི་མཐོང་སྣང་།

ཁྲི་བྷོད།        2016-04-11

ད་ནངས་ཞོགས་པར། ཕ་ཡུལ་གྱི་གཞུང་དོན་ཁང་གི་སྒོ་ཁྱུད་ནས་ཡར་ལྟ་དུས། ཡུལ་མི་སྤུན་ཟླ་རྣམས་ཀྱིས་དབུལ་སྐྱོར་ཁྱིམ་ཚང་གི་མིང་ཐོ་རྩོད་བཞིན་འདུག དེ་ནས་ཕ་ཡུལ་གྱི་ཀྱ་མ་ཀྱུའི་ལམ་ཕྲན་བརྒྱུད་ནས་ལུག་འདེད་སྐབས། གཞོན་ནུ་མ་ཞིག་གིས་སྣང་དོགས་ཅི་ཡང་མེད་པར་སྐད་གསང་མཐོན་པོས་སྐད་འཕྲིན་ནང་དུ་ལ་གཞས་ལེན་གྱིན་འདུགཡང་བསྐྱར་ཕ་ཡུལ་གྱི་རྒས་འཁོགས་ལོན་པའི་མ་ཎི་ཁང་གི་མཐའ་འཁོར་མྱུལ་དུས། དར་མ་སྐོར་ཞིག་གིས་ཚ་ཐབ་དྲོན་མོའི་སྟེང་དུ་ལྷ་སྒྲུང་མཆེད་བཞིན་ཧ་ཧ་ཧོ་ཧོའི་དགོད་སྒྲ་འཁྱིལ་འདུག ཉིན་གུང་གི་སྐབས་སུ། ཕ་ཡུལ་གྱི་དུད་ཚང་རེ་རེ་ཡི་སྒོ་དྲུང་བརྒྱུད་ནས་རང་ཡུལ་ལ་ལོག་དུས། ཡུལ་མི་ཚོས་ཤ་མར་ཐུད་གསུམ་ལ་རྫས་སྣ་ཚོགས་ཀྱིས་ལྷན་པ་བརྒྱབ་ནས་ཟ་བའི་བྲོ་བ་ཚོར། རང་ཁྱིམ་གྱི་སྒོ་དྲུང་དུ་ཀྲོང་ངེར་འགྱིང་ནས། ཕ་ཡུལ་གྱི་སྐྱ་ཟད་སྔོ་གཏུགས་ཀྱི་དགུན་ལྗོངས་ཀྱི་རྣམ་པ་ལ་སེམས་པ་བརླན་དུས། ཙག་དང་བསེར་བུས་བདག་གི་སེམས་པ་ཡོངས་སུ་ཕྱིད་སོང་། 
  • ལེ་ཚན་སྔོན་མ།:དཔྱིད་ཀའི་སྤྲོ་སྣང་།
  • ལེ་ཚན་རྗེས་མ།:བསླབ་བྱ།