རེ་སྙེག་གི་ཕུགས་འདུན་དྲོན་མོ།

བརྒྱད་གཉིས་འཛིན་གྲྭ།༼ ནོར་བུ་འཕྲིན་ལས། ༽        2020-06-24

    ཕུགས་འདུན་མེད་པའི་མི་ལ་ནམ་ཡང་རྒྱལ་ཁ་ཐོབ་མི་སྲིད། རང་ཉིད་ལ་བདེ་སྐྱིད་ཐོབ་མི་འདོད་པའི་གང་ཟག་གཅིག་ཀྱང་མེད་པས། དེའི་ཕྱིར། སྨྲ་ཤེས་དོན་གོ་བའི་མཚན་ཉིད་ཚང་བ་ནས་བཟུང་ཆེས་མེད་དུ་མི་རུང་བ་ནི། རེ་སྙེག་གི་ཕུགས་འདུན་དྲོན་མོ་དེ་ཡིན།

     བྱིས་དུས་འཁྱར་འཁྱོར་གྱི་གོམ་ཁ་སྤོས་བ་ནས་བཟུང་། རང་ཉིད་ལ་དགའ་ཕྱོགས་ཤིག་ཡོད་སྲིད། དགའ་ཕྱོགས་དེ་ནི་ཁྱོད་སྐྱེས་ནས་ཚེ་མཇུག་གི་བར་དུ་བཀོད་སྒྲིག་བྱས་པའི་ལས་དབང་ཡིན་ཟེར།

    ཁྱེད་ཀྱིས་དགའ་ཕྱོགས་སམ་ཕུགས་འདུན་དེའི་ཆེད་དུ་ཡོད་ཚད་བློས་བཏང་ཡང་ཆོག ཕུགས་འདུན་གྱི་ཆེད་དུ་ཡོད་ཚད་རྒྱང་ལ་གཡུགས་ཀྱང་ཆོག འོན་ཀྱང་། འཇིག་རྟེན་གྱི་བྱ་དངོས་གང་ཡང་རུང་བ་ཞིག་གི་ཆེད་དུ་ཕུགས་འདུན་ནི་རྩ་བ་ནས་རྒྱང་ལ་གཡུགས་མི་ཆོག བློས་བཏང་མི་ཆོག རྒྱུ་མཚན་ནི་ཕུགས་འདུན་གྱིས་ཁྱོད་ཀྱི་ཡོད་ཚད་དང་ཡོད་ཚད་བསྐྲུན་ཡོད་ལ། གངས་འདབས་ཀྱི་མྱུ་གུ མཚར་སྡུག་གི་རེ་བ། མདངས་ལྡན་གྱི་གནས་མལ། མདོར་ན་ཡོད་ཚད་ཕུགས་འདུན་ལ་རག་ལས་ཡོད།

    ཁྱོད་མུ་མཐའ་མེད་པའི་རྩྭ་ཐང་དུ་ཅི་དགར་སྐྱོད་འདོད་དམ། ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ལ་རྐང་རྗེས་ཕབ་འདོད་དམ། མི་ཚོགས་མང་པོའི་ཁྲོད་ནས་གར་སྟེགས་ཀྱི་དབུས་སུ་འགྱིང་འདོད་དམ། ས་གཞི་ཆེན་པོའི་པང་ནས་རི་རྒྱལ་ལྷུན་པོ་བཞིན་གཟི་བརྗིད་ངང་འགྱིང་འདོད་དམ། ཡངས་ཤིང་མཐའ་མེད་པའི་མཁའ་དབྱིངས་སུ་བསྐྱོད་ཨེ་འདོད། མི་འདོད་ཟེར་བའི་གང་ཟག་ཅིག་ཕལ་ཆེར་ཡོད་མི་སྲིད། དེ་ཡིན་ན། ཁྱོད་ཀྱིས་ད་ལྟ་རེ་སྙེག་བྱེད་བཞིན་པའི་ཕུགས་འདུན་གྱི་ཆེད་དུ། མགོ་བོ་སྒུར་མི་རུང་། ཡིད་སེམས་ཕམ་མི་རུང་། མུ་མཐུད་ནས་མུ་མཐུད་དུ་ཕུགས་འདུན་གྱི་ཆེད་དུ་བརྩོན་དང་། དེའི་ཁྲོད་ན་མི་བུ་དཔའ་བོའི་འཇོན་ཐང་ཡོད། དེའི་ཁྲོད་ན་དགོས་འདོད་ཀུན་འབྱུང་གི་ནོར་བུ་ཡོད། ཡོད་ཚད་ཕུགས་འདུན་གྱི་གསེབ་ན་ཡོད། ཕུགས་འདུན་གྱི་ཆེད་དུ་བརྩོན་དང་། ཁྱོད་ལ་ཅིས་ཀྱང་རྒྱལ་ཁ་ཞིག་ཐོབ་ལོས་སྲིད།

     མདོར་ན། ཁྱོད་ཚོས་ཅི་ཞིག་དོར་ཀྱང་རུང་། རྩ་བ་ནས་འདོར་མི་ཆོག་པ་ནི་ཕུགས་འདུན་དྲོན་མོ་ཡིན་པ་སེམས་ཁོང་ནས་བསུབ་མི་ཆོག།



  • ལེ་ཚན་སྔོན་མ།:ཨང་རྟགས་ཉེར་བཞི་པ།
  • ལེ་ཚན་རྗེས་མ།:དྲན་པའི་མིག་ཆུ།