​ཨ་མའི་བྱམས་བརྩེ།

ཚེ་རིང་སྒྲོལ་མ།        2019-12-25

བྱམས་ལྡན་གྱི་མ་ལོས་ཟླ་དགུ་ཞག་བཅུའི་ངལ་དུབ་ཕངས་མེད་དུ་བཟོད་ནས་ང་རང་རྫོགས་མཐའ་བྲལ་བའི་འཇིག་རྟེན་འདིར་ཁྲིད་ཅིང་། འཇིག་རྟེན་གྱི་གཏམ་རྒྱུད་དང་གོམས་སྲོལ། རྒྱུན་ཤེས་སོགས་ཚིག་ཉུང་ཞིང་དོན་གསལ་བའི་སྒོ་ནས་འཆད་མགོ་བརྩམས།

གལ་ཏེ་འཇིག་རྟེན་འདིའི་སྟེང་དུ་ཨ་མའི་བྱམས་བརྩེ་ཞེས་པ་ཞིག་དང་ཨ་མ་ཞེས་པ་ཞིག་མེད་པའི་དབང་དུ་བཏང་ན།ང་ཚོ་ཉམ་ཆུང་ཞིང་སྙིང་རྗེ་བའི་བྱིས་པ་རྣམས་ཀྱིས་འཛད་པ་མེད་པའི་འཇིག་རྟེན་འདིའི་འཚོ་བ་དེ་ཇི་ལྟར་རོལ།

ཨ་མའི་མོ་རང་གི་གཅེས་པའི་ཚེ་སྲོག་དང་མཛེས་པའི་སྐྱེ་གཟུགས་ལ་མ་འཛེམ་པར་ཡོད་ཚད་ཕངས་མེད་ངང་ང་ཚོ་འཇིག་རྟེན་འདིའི་སྟེང་དུ་ཁྲིད་པར་མ་ཟད།ད་དུང་བྱམས་བརྩེའི་ལག་ཟུང་དྲོན་མོས་ང་ཚོ་གཉོར་སྐྱོང་བྱས་པ་རེད།

དགུང་གི་ཁྲི་གདུགས་ཉི་མ་དང་འདྲ་་བའི་བྱམས་ལྡན་གྱི་ཨ་མ་ལགས།ཁྱེད་ཀྱི་བུ་མོ་ང་ལ་བཅངས་པའི་བྱམས་བརྩེ་ནི་གངས་རི་ལས་མཐོ་ཞིང་རྒྱ་མཚོ་ལས་ཀྱང་གཏིང་ཟབ།བདག་གིས་ནམ་ཡང་རྡོ་བརྐོས་རི་མོ་ལྟར་སེམས་ནས་མི་བརྗེད།

  • ལེ་ཚན་སྔོན་མ།:ཉི་མའི་འཁོར་བསྐྱོད་ཀྱི་དབང་གིས།
  • ལེ་ཚན་རྗེས་མ།:ནེ་ཙོ་ཆུང་ཆུང་།