འཇུ་སྐལ་བཟང་གི《ལམ་ཕྲན་དུ་ལྷག་པའི་གཏམ》ཞེས་པའི་སྙན་ངག་གི་རིན་ཐང་ལ་དཔྱད་པ།

ཚེ་རིང་བཀྲ་ཤིས།        2014-04-14

  《ལམ་ཕྲན་དུ་ལྷག་པའི་གཏམ》ཞེས་པའི་སྙན་ངག་འདིའི་རྩོམ་པ་པོ་ནི་འཇུ་སྐལ་བཟང་ལགས་ཡིན་ལ།སྙན་ངག་པས་སྙན་རྩོམ་འདིའི་མགོ་མཇུག་བར་གསུམ་དུ་མི་རྒན་བགྲེས་པོ་དགེ་ལོ་དང་གཡག་རྒན་བགྲེས་པོ་འཛུ་བོ་གཉིས་ཀྱིས་ལམ་ཕྲན་ནས་གློད་པོའི་གླེང་མོལ་བརྒྱུད།སྙན་རྩོམ་འདིའི་བརྗོད་བྱ་དང་རྗོད་བྱེད་གཉིས་ཆ་ནས་སྒྱུ་རྩལ་གྱི་ཡང་རྩེར་སོན་ཡོད།ཐོག་མར་སྙན་རྩོམ་འདི་ལ་རྐྱེན་བྱས་ཏེ་སྙན་ངག་པས་བརྗོད་འདོད་པ་དང་མཚོན་འདོད་པ་ནི་དགེ་སྡུག་དང་ལེགས་ཉེས།འཚོ་གནས་དང་ཚོང་རའི་ཁ་གཏད་དུ་བོད་མི་རིགས་སམ་སྒོས་སུ་སྒོ་ཕྱུགས་འཚོ་སྐྱོང་ལ་བརྟེན་པའི་འབྲོག་མི་དག་ཡང་སྙིང་འཚོ་སྟངས་ཀྱི་ལམ་ཁ་ག་འདྲ་ཞིག་ལ་བསྐྱོད་རྒྱུར།བླང་དོར་དབྱེ་འབྱེད་དང་གདམ་གསེས་བྱེད་པར་དཀའ་ཁག་ལ་འཕྲད་ཡོད་པའི་གནས་བབ་ངོ་མ་ཞིག་བསྟན་འདུགསྙན་ངག་འདི་ལ་དཔྱད་པ་གང་འཚམ་ཞིག་གཏང་བར་ཕྱོགས་དང་ཟུར་མི་འདྲ་བའི་ཐད་ནས་གོ་བ་བླངས་ཚེ་ད་གཟོད་སྙན་ངག་འདིའི་ཡོན་ཏན་དང་ཆེ་བ་མངོན་གསལ་གྱིས་ལྷང་ལ་འབུད་ངེས་སྙམ།
    གཅིགབོད་མིའི་རིག་གནས་སེམས་ཁམས་ཀྱི་རིན་ཐང་།
    སྙན་ངག་འདིའི་ནང་གི་ཡིད་བརྙན་རྒན་པོ་དགེ་ལོ་ནི་དགེ་སྡིག་གི་བག་ཆགས་གཏིང་ཟབ་པའི་བོད་མི་ཀུན་གྱི་བསྡུས་གཟུགས་སུ་བཞེངས་སྐྲུན་བྱས་པ་བརྒྱུད།ཁོ་དང་གཡག་རྒན་འཛུ་བོ་གཉིས“བདེ་མིན་གཟར་མིན་གྱི་རི་མ་ཐང་མཚམས” སུ་བརྐྱངས་པའི“དྲང་མིན་འཁྱོག་མིན་གྱི་རྐང་ལམ་ཕྲ་མོ”ཞིག་ལ་ཆས་ཏེ།བཤས་རར་བསྐྱོད་པའི་ལམ་སྐབས་ཀྱི་ངལ་གསོའི་གོ་སྐབས་དང་བསྟུན་ནས།རྒན་པོས་གཡག་རྒན་གྱིས་མིག་ཟུང་གི་མཐའ་ལ་མཆི་མ་འཁོར་བཞིན་རྩྭ་མི་བཟའ་ཞིང་ཆུ་ཡང་མི་བཏུང་བར་སྐྱོ་བའི་གདུང་ཉམས་ཤིག་བསྟན་པ་ལ་རྐྱེན་བྱས།བོད་མི་རིགས་ཀྱི་མ་ཎི་ཡི་གེ་དྲུག་མའི་གཟུངས་ལ་བསྙལ་བའི་ཤ་ཚ་དང་སྙིང་རྗེ་ཡི་བྱམས་བརྩེ།སྐྱོ་འགྱོད་གདུང་སེམས་དྲག་པོས་ཁད་ཀྱིས་བསླངས་ནས་ད་གཟོད་ཁོ་དང་གཡག་རྒན་བར་གྱི་གླེང་མོལ་གྱི་མགོ་བརྩམས་པ་རེད།སྙན་ངག་པས་གསོན་ཉམས་ལྡན་པའི་ཡིད་བརྙན་དེ་གཉིས་མུ་མཐུད་ནས་རྐང་ལམ་ཕྲ་མོ་ཞིག་ལ་རིང་དུ་བསྐྱོད་དུ་མ་བཅུག་པར།བར་སྐབས་སུ་ངལ་གསོའི་གོ་སྐབས་ཤིག་སྦྱིན་པ་ཡང་དུད་འགྲོ་གཡག་ལ་ཚེ་སྲོག་འདྲ་མཉམ་གྱི་གོ་སྐབས་ཤིག་བསྩལ་བའི་མུར།རྒན་པོ་དགེ་ལོ་ཡང་འཚོ་གནས་ཀྱི་གནད་དོན་ཞིག་ལ་འཕྲད་ཡོད་པའི་ཕྱི་འགལ་ནང་འགལ་གྱི་བརྗོད་གཞི་དངོས་ལ་འཇུག་བདེ་བའི་ཕྱིར་དུ་ཡིན།དུད་འགྲོའི་སྐྱོ་གདུང་དང་མིག་ཆུ།རང་བཞིན་གྱི་འབྲོག་མི་དཀྱུས་མ་ཞིག་གིས་མཐོང་བ་དེ་དོན་ལ་སེམས་ཀྱིས་ཚོར་བ་ཡིན་ཞིང་།བོད་མི་རིགས་ཀྱི་སེམས་ཁོང་དུ་ནམ་ཡང“མར་གྱུར་སེམས་ཅན་ཐམས་ཅད”ཅེས་འགྲོ་བ་རིགས་དྲུག་ཐམས་ཅད་མ་རུ་སྒོམ་པའི་ནང་རིག་གི་ལྟ་བའི་འདུ་ཤེས་ཟབ་མོ་ཞིག་མི་རེ་རེའི་རུས་རྐང་དང་ཁྲག་རྒྱུན་གྱི་དྭངས་མར་འཐིམ་ཡོད་པའི་མི་རིགས་ཤིག་ཡིན་པས་རེད།དེར་མ་ཟད།བོད་མི་རིགས་ནི་འཇིག་རྟེན་འདས་པའམ་ཡང་ན་ཚེ་ཕྱི་མའི་དོན་བྱ་སྙིང་བོར་ལེན་མཁན་གྱི་མི་རིགས་ཤིག་ཡིན་ལ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོངས་དོན་ཟབ་མོས་ཐག་གཅོད་བྱས་ཡོད་པ་ཞིག་ཡིན་ཕྱིར།ངེད་ཅག་གིས་མཐོ་བ་ནམ་མཁའི་འདབ་ཆགས་དང་དམའ་བ་ས་སྟེང་གི་འབུ་གྲོགས་ཕྲ་མོ་སོགས་སྲོག་ཆགས་མཐའ་དག་ལ་རང་སྣང་གང་ཤར་གྱིས་སྡིག་པའི་ལས་མི་བྱ་ཞིང་།ཐ་ན།རི་ཆུ་ཤིང་ནགས་སྐྱེ་དངོས་མཐའ་དག་ལའང་འགྲོ་བ་མི་ནང་བཞིན་ཚེ་སྲོག་དང་ཚོར་བ་ཡོད་པའི་དངོས་པོ་ཞིག་ལ་གོ་བ་བརྙེས་ཡོད་པས།རང་གི་འཚོ་རྟེན་དང་ཁ་རྒྱབ་ཀྱི་ཕྱིར་དུ་སྐམས་ལུག་གཅིག་གི་སྲོག་བཅད་ནའང་།དེ་ལ་མ་ཎི་བགྲང་བ་དང་ལྟུང་བཤགས་བཟློ་བ།ཚ་གསུར་གཏོང་བ།མར་མེ་སྒྲོན་པ་སོགས་ཀྱི་ཆོས་ལུགས་ཆོ་ག་སྤེལ་ཏེ།དུད་འགྲོ་དེ་ཡིས་སྐྱེ་བ་རྗེས་མར་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་བཟང་པོ་ཞིག་ལེན་པར་སྨོན་ལམ་བརྒྱག་པའི་སྲོལ་དེ་ད་ལྟའི་བར་དུ་ཡང་སྤྱིའི་ཆ་ནས་གོམས་སྲོལ་ཞིག་ཏུ་གྲུབ་ཡོད།
    གཉིས།བོད་མིའི་རང་རྒྱུད་དུ་གྲུབ་པའི་ཚུགས་ཐུབ་མེད་པའི་འགྱུར་ལྡོག་གི་བསམ་བློའི་འགལ་འདུ།
    ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ།ནང་རིག་གི་ལྟ་སྤྱོད་སྒོམ་གསུམ་གྱི་ཁོར་ཡུག་སྟུག་པོ་ཞིག་ནས་རིམ་གྱིས་འཚར་ལོངས་བྱུང་བའི་བོད་མི་ཚོར།བོད་རང་གི་ཆོས་ལུགས་ཀྱིས་ཐད་ཀར་གནང་བའི་བླ་མེད་ཀྱི་ལོངས་སྤྱོད་ཉག་ཅིག་ནི་བདག་བས་གཞན་གཅེས་ཀྱི་བསམ་བློ་དེ་རེད།བདག་བས་གཞན་གཅེས་ཀྱི་ཀུན་སློང་རྨ་མེད་པ་དེ་ནི་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་སྟེང་ཡང་ཅིས་ཀྱང་གཏོར་འོས་པའི་ས་བོན་ཞིག་ཡིན་ཡང་།དེ་ལ་གནས་ཚུལ་དང་སྣང་ཚུལ་མི་འདྲ་བའི་འོག་ནས།བཀོལ་ཤེས་དང་འདོར་ཤེས་བྱ་དགོས་ཀྱི།གཞན་ཕན་གྱི་རྣོ་ཐག་དེས་ཕལ་བའི་འཇིག་རྟེན་ནམ་འཁོར་བའི་འཁོར་ལོ་དེའི་འཁོར་རྟ་དམ་དུ་བཀྱིགས་ཚེ།དེ་ནི་སྐྱེ་བོ་ཕལ་བ་ཞིག་གི་ངོས་ཐད་ནས་བསམས་ན།ཆོས་འཇིག་རྟེན་གང་ལའང་འགལ་བའི་རྐྱེན་ངན་བར་ཆད་ཅིག་གི་ངོ་བོར་འགྱུར་འགྲོ་བ་རེད།ང་ཚོ་སྤྱིར་བཏང་གི་འབངས་མི་ཕལ་བ་ཞིག་ཡིན་པའི་ངོས་ཐད་ནས་ཡག་ཞིམ་གྱི་ཟས་གོས་སྣ་ཚོགས་ལ་བསྐོར་ནས་འགྲོ་བ་དང་།རང་ལ་ཡོད་པའི་རིན་ཆེན་ནོར་བུ་གཞན་ལ་རིན་མེད་དུ་འབུལ་བ་ནི་འཁོར་བ་སྐྱོང་ཕྱོགས་ཀྱི་མི་ཆོས་ངོས་ཐད་ནས་བཤད་ན་ཤིན་ཏུ་མི་འོས་པ་ཞིག་རེད་ལ།གལ་ཏེ།ང་ཚོའི་མི་རིགས་འདི་ལ་དེ་ལྟ་བུའི་གཞན་ལ་དཀོན་པའི་བསམ་བློ་ཁྱད་དུ་འཕགས་པ་ཞིག་ཡོད་པའི་དབང་དུ་བཏང་ཡང་།རང་ཉིད་འཚོ་གནས་ཀྱི་ཆེད་དུ་མ་མཐར་ཡང་འཇིག་རྟེན་ལུགས་འབྱུང་གི་བསྙེག་བྱ་ཞིག་ལ་བརྩོན་དགོས་པ་དང་།ཆོས་སྲིད་ཀྱི་རྣམ་དབྱེ་སོ་སོར་ཕྱེས་ནས་ཆེ་བ་མི་རིགས་དང་ཆུང་བ་ཁྱིམ་ཚང་གི་དངོས་པོའི་དཔལ་འབྱོར་གོང་སྤེལ་དུ་བཏང་སྟེ།འཚོ་བ་ཇེ་ལེགས་སུ་གཏང་དགོས་ལ།བོད་མི་སོ་སོས་བྱ་དངོས་གང་རུང་ལ་བླང་དོར་གྱི་ཤེས་རབ་བློ་སྒོ་གསར་དུ་འབྱེད་དགོས་པར་འབོད་སྐུལ་བཏང་ཡོད་ཅིང་།སྙན་ངག་པས་དུས་རབས་གསར་བའི་ཁ་གཏད་དུ་ད་དུང་ཡང་སྔར་བཞིན་དུ།རང་གཞན་སུ་ཡང་མི་མཐོང་བའི་མཐའ་ཁུལ་གྱི་ཁོར་ཡུག་དོག་པོ་ཞིག་ན།བློ་དང་སྤོབས་པ་བག་ལ་ཉལ་ཞིང་།འདོད་ཆུང་ཆོག་ཤེས་ཀྱི་ཉེན་ཁར་གནས་པའི་བོད་མི་དག་ལ་ན་ཟུག་གི་ཅོང་བརྡ་བརྒྱག་པའི་འགན་དེ་གཡག་རྒན་འཛུ་བོ་ལ་སྤྲད་ཡོད་པ་དང་།བར་སྐབས་འདིའི་གཡག་རྒན་འཛུ་བོ་ནི་སྙན་ངག་པའི་མགྲིན་ཚབ་པ་ཞིག་ཏུ་ཡང་གྱུར་ཡོད།
    གསུམ།བསམ་བློ་གསར་རྙིང་གཉིས་ཀྱི་བསྣོལ་མཚམས་སུ་ལྷག་པའི་དེང་དུས་བོད་སྤྱི་ཚོགས་ཀྱི་དགེ་སྡིག་གནད་དོན།
    དུས་རྣམས་མི་འགྱུར་མི་རྣམས་འགྱུར་ཞེས་པ་ལྟར།《ལམ་ཕྲན་དུ་ལྷག་པའི་གཏམ》ཞེས་པའི་ཚིགས་བཅད་སྙན་ངག་རིང་མོ་འདིའི་བརྗོད་བྱའི་འབབ་སྟེགས་ནི“ལྷག”ཅེས་པའི་ཐ་སྙད་འདིའི་སྟེང་དུ་ཡོད་པ་དང་།ད་ལྟའི་བོད་ཀྱི་སྤྱི་ཚོགས་ཀྱི་སྣང་ཚུལ་ལ་གཞིགས་ན།དང་ཐོག་སྙན་ངག་འདི་རྩོམ་སྐབས“ལྷག”ཏུ་བཅུག་པ་ནི་ཧ་ཅང་འགྲིག་འདུག་པ་ཞིག་རེད”ཅེས་སྙན་ངག་པ་འཇུ་སྐལ་བཟང་ལགས་ནས་སྙན་ངག་འདིའི་ཐད་དུ་རང་གི་བསམ་ཚུལ་གསོང་བོར་བརྗོད་པ་ན།བདག་གིས་ཀྱང་དེ་མུར་ཁོང་གི་བརྗོད་འདོད་ཤུགས་ཀྱི་བསྟན་བྱ་དེ་ལ་ཡང་གོ་བ་གསལ་བོ་ཞིག་རྙེད་བྱུང་།
    སྙན་རྩོམ་འདིའི་མགོ་ནས་མཇུག་བར་གྱི་མི་དང་གཡག་གི་བགྲོ་གླེང་དེར་རང་རང་སོ་སོའི་ངོས་ཐད་ཀྱི་གནས་ལུགས་ཚུགས་ཐུབ་ཅིག་གིས་སྲད་བུར་བརྒྱུས་ཡོད་པ་དང་།འདིར་བསམ་བློ་རྙིང་བ་ཞིག་གི་ལྷད་མེད་དྭངས་གཙང་གི་བདག་གཞན་སྙིང་བརྗེ་ཡི་ཀུན་སྤྱོད་བླ་མེད་ཅིག་དང་།བསམ་བློ་གསར་བ་ཞིག་གི་རང་གི་འཚོ་གནས་ཀྱི་དགོས་མཁོ་གལ་ཆེན་གཉིས་འགལ་ཟླས་སྣང་བའི་ཁ་གཏད་དུ།ང་ཚོ་ཀློག་པ་པོ་ཞིག་གི་ངོས་ཐད་ནས་ཀྱང་ཐད་ཀར་དེ་ལ་ཁ་ཚོན་གཅོད་མི་ཐུབ་པ་ནི།སྙན་ངག་པའི་རྣམ་དཔྱོད་ཀྱི་རྩལ་ལས་ང་ཚོར་བཏོན་པའི་དྲི་བ་ཞིག་རེད་ལ།དགེ་རྒན་ཆེན་མོ་དོར་ཞིས་དེང་གི་དུས་སུ།ཆོས་ལུགས་མི་སྣ་ཉུང་ཤས་ཀྱི་སྒེར་སྡེམ་བསམ་བློས་བོད་ཀྱི་སྤྱི་ཚོགས་བདེ་ཐང་ངང་མདུན་དུ་བསྐྱོད་པར་བགེགས་དང་བར་ཆད་ཀྱི་གཏམ་ཡན་སྣ་ཚོགས་སྤེལ་བའི་སྒང་འདིར།མ་གཞི་ནས་རིག་གནས་ཤེས་བྱའི་ཆུ་ཚད་ཀྱིས་དམན་པའི་བོད་མི་རྣམས་ཀྱིས་རང་ཉིད་ཀྱི་འཚོ་གནས་དང་མདུན་ལམ་ལ་ཇི་ལྟར་གདམ་གསེས་བྱ་ཁག་པའི་རྙོག་ཟིང་གི་གནས་བབ་ལ་དཔྱད་ཅིང་དཔྱད་དེ།མི་རིགས་ཤིག་གི་མ་འོངས་པའི་འཕེལ་རྒུད་དང་དམ་དུ་འབྲེལ་བའི་སྙན་རྩོམ་རིན་ཐང་ཅན་འདི་ལྟ་བུ་ལ་མཐོང་ཆེན་དུ་འཛིན་མི་འཛིན་པའི་རྣམ་འགྱུར་གྱི་སྟེང་ནས།བོད་རིགས་རྩོམ་པ་པོ་དག་གི་མི་རིགས་ལ་བཅངས་པའི་འགན་འཁྲིའི་འདུ་ཤེས་དང་བརྩེ་དུང་གི་བསམ་བློ་ཡང་སྙིང་ག་འདྲ་ཞིག་ཡིན་པ་ཧ་གོ་ཐུབ།《ལམ་ཕྲན་དུ་ལྷག་པའི་གཏམ》ལས་དཔྱད་རྩོམ་འདིར་མ་འཁོད་པའི་ཚིག་གི་སྒྱུ་རྩལ་དང་དོན་གྱི་གནས་ལུགས་ཀྱིས་སྤྲས་པའི་སྙན་ངག་གི་ཚིག་ཕྲེང་ད་དུང་མང་པོ་ཞིག་ཡོད་པ་ཀུན་གྱིས་ཤེས་པར་བྱ་རྒྱུ་དང་།མདོར་ན།སྙན་ངག་པ་འཇུ་སྐལ་བཟང་གིས་ལོ་ངོ་ཉི་ཤུའི་སྔ་རོལ་དུ་བྲིས་པའི་བརྩམས་ཆོས་འདིའི་དགོངས་དོན་ཁ་སང་དེ་རིང་གི་དུས་ལ་དངོས་སུ་བོད་པའི་འཚོ་སྟངས་ཀྱི་གནད་འགག་ཅིག་ཏུ་གྱུར་ཡོད་པ་ནི་སྙན་ངག་འདིའི་དགེ་མཚན་ཉག་ཅིག་ཏུ་འདོད་དོ།།
 
  • ལེ་ཚན་སྔོན་མ།:བརྩམས་སྒྲུང་གསར་རྩོམ་གྱི་མྱོང་ཚོར་ཕྲན་བུ།
  • ལེ་ཚན་རྗེས་མ།:རྡོ་སྦིས་ཤེས་རབ་རྒྱ་མཚོའི་སྙན་རྩོམ་ལ་འཁྱུག་ཙམ་ལྟ་བ།
  • དོ་སྣང་ཆེ་བའི་རྩོམ།