ཏང་གི་བཀའ་དྲིན་དྲོ་སྐྱིད་ཉི་ཟེར་འདྲ།

བསྟན་འཛིན་བདེ་སྐྱིད།        2019-09-30

   བགྲང་བྱ་བདུན་ཅུ་ཙམ་གྱི་གོང་རོལ་དུ་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས།

   ཏང་གི་བཀའ་དྲིན་ནི་དྲིན་ཆེན་གྱི་སྐྱེས་མ་ལས་ཀྱང་ལྷག ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་བསྒྱུར་བཅོས་ལམ་བུ་མཛད་ནས་རྒྱ་ཆེའི་ཞིང་བྲན་བདེ་སྐྱིད་ཀྱི་འཚོ་བར་རོལ། ལུང་ཁུག་གྲོང་ཚོ་སྐྱོ་པོ་དག་ལ་བདེ་སྡོད་གྲོང་གསར་ལྷ་ཡུལ་ལས་ཀྱང་མཛེས་པར་བསྐྲུན། དེ་དག་ཐམས་ཅད་ཏང་གི་བཀའ་དྲིན་ཡིན་པས་ང་ཚོས་དུས་ནམ་ཡིན་ཡང་ཏང་གི་བཀའ་དྲིན་བརྗེད་མི་རུང་།

    སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་བགྲོད་དང་བསྟུན་ནས་ཏང་གི་སྲིད་ཇུས་བཟང་པོས་རྒྱ་ཆེའི་མང་ཚོགས་ལ་སྡོད་ཁང་གསར་པ་རྒྱག་པ་དང་། གཞུང་ལམ་གསར་བཟོ། སྨན་བཅོས་འགན་ལེན། ཞིང་འབྲོག་ཁུལ་གྱི་སློབ་མའི་འགན་ལེན་གསུམ་གྱི་སྲིད་ཇུས། ཞིང་ལས་ཚན་རྩལ་ཅན་དུ་བསྒྱུར་བ་སོགས་བདེ་སྐྱིད་ཀྱི་འཚོ་བར་རོལ་བའི་མཐུན་རྐྱེན་བཟང་པོ་མང་དག་བསྐྲུན་གནང་ཡོད་། ལྷག་པར་ཏང་ཀྲུང་དབྱང་གིས་སློབ་གསོའི་མཛད་ཕྱོགས་སྲིད་ཇུས་ལག་ལྟར་གནང་ནས་ང་ཚོ་སློབ་མ་རྣམས་ལ་སློབ་སྦྱོང་གི་ཡོ་བྱད་དང་སློབ་གོས་བཟའ་མ་སོགས་མཁོ་སྤྲོད་གནང་སྟེ་ད་ལྟ་ནས་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱས་ནས་ཕྱིས་སུ་མེས་རྒྱལ་གྱི་ཤུལ་འཛིན་པ་བཟང་པོ་ཞིག་ཏུ་འགྱུར་བའི་ཆེད་དུ་གསོ་སྐྱོང་གནང་།

   ཨེ་མ། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་། ང་ཚོས་ཁྱེད་ཀྱི་བྱམས་བརྩེའི་བཀའ་དྲིན་ཡིད་ལ་བཅངས་ཏེ་ད་ལྟ་ནས་རང་དགོས་ཤེས་བྱར་འབད་པ་ལྷོད་མེད་བྱས་ནས་ནར་སོན་རྗེས་རྒྱལ་ཁབ་ལ་ཕན་པ་དང་མི་དམངས་ལ་ཕན་པའི་མི་སྣ་བཟང་པོ་ཞིག་བྱ་རྒྱུ་ཡིན།

   རང་ཉིད་དར་དམར་འོག་ནར་གསོན་པའི་མཐོ་འབྲིང་སློབ་མ་ཞིག་གི་ངོས་ནས་བཤད་ན། དུས་ནམ་ཡང་མེས་རྒྱལ་ལ་དགའ་ཞེན་དང་མེས་རྒྱལ་གོང་བུ་གཅིག་འགྱུར་ལ་དགའ་ཞེན་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ལ་བཅས་བྱས་ནས་ཏང་གི་བཀའ་དྲིན་སེམས་ལ་བརྟན་པོར་བཅངས་དགོས།


  • ལེ་ཚན་སྔོན་མ།:མ་ཡུམ་མེས་རྒྱལ།
  • ལེ་ཚན་རྗེས་མ།:མེས་རྒྱལ་ལ་འཕུལ་བའི་བསྟོད་དབྱངས།