དུས་རབས་གསར་པའི་དགེ་རྒན་གྱི་འགན་ཆེན་སྐོར་གླེང་བ།

    སྐལ་ཐུབ།    2019-09-11

སློབ་གསོ་ནི་མི་རིགས་དར་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཡོང་བའི་རྨང་རྡོ་གལ་ཆེན་ཡིན་ཞིང་། སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་ཡིན་ལ་ཏང་གི་ཇུས་ཆེན་ཡང་ཡིན་པ་རེད། ད་ལྟར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསླེབས་ཟིན་ཞིང་། དུས་རབས་གསར་པར་ཀྲུང་གོའི་དགེ་རྒན་གྱི་འགན་ཆེན་གང་རེད་ཅེ་ན། རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དགེ་རྒན་ནི་མིའི་རིགས་ཀྱི་བླ་སྲོག་གི་བཟོ་སྐྲུན་པ་ཡིན་ཞིང་མིའི་རིགས་ཀྱི་དཔལ་ཡོན་གྱི་རྒྱུད་འཛིན་པ་ཡིན། སློབ་དཔོན་གྱིས་ཤེས་བྱ་དང་བསམ་བློ། བདེན་དོན་བཅས་བརྒྱུད་བསྒྲགས་བྱེད་པ་དང་། བླ་སྲོག་དང་ཚེ་སྲོག མི་གསར་བཅས་སྐྱོང་བའི་དུས་རབས་ཀྱི་འགན་ཆེན་འཁུར་བཞིན་ཡོད་ཅེས་གསུངས་པ་ལྟར་དུས་རབས་གསར་པའི་དགེ་རྒན་གྱི་དུས་བསྟུན་འགན་ཆེན་ནི་ཤེས་བྱ་དང་བསམ་བློ། བདེན་དོན་བཅས་བརྒྱུད་བསྒྲགས་དང་བླ་སྲོག་དང་ཚེ་སྲོག  མི་གསར་བཅས་བསྐྱང་རྒྱུ་ཡིན་པ་གསལ་པོར་བསྟན་ཡོད།

དེས་ན་དགེ་རྒན་གྱི་མཐར་ཐུག་དམིགས་ཡུལ་ནི་མི་གསར་བསྐྱང་རྒྱུ་དེ་ཡིན་ལ། མི་གསར་ཅི་འདྲ་བ་ཞིག་བསྐྱང་དགོས་རེད་ཅེ་ན། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་སྲུང་ཞུ་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེད་དུ་ཚེ་གཅིག་ལ་འབད་འཐབ་བྱེད་པའི་སྙིང་སྟོབས་བཅངས་པའི་གོ་ཆོད་པའི་ཤེས་ལྡན་མི་གསར་བསྐྱང་བྱ་དགོས་པ་དེ་རེད། ཤེས་ལྡན་མི་སྣ་དེ་འདྲ་བསྐྱང་དགོས་ན་ཐོག་མར་ཕུགས་འདུན་དད་སེམས་དང་ཀུན་སྤྱོད་བསམ་ཚུལ། རྐང་ཚུགས་ཤེས་ཡོན། བྱམས་བརྩེའི་སེམས་པ་བཅས་ཡོད་པའི་དགེ་རྒན་ཞིག་བྱ་ཐུབ་དགོས། དེ་ནས་དགེ་རྒན་གྱི་ལས་རིགས་འདི་དང་གཟི་བརྗིད་འདི་ལ་གཅེས་སྤྲས་ཚད་མེད་བྱ་དགོས། རང་རྩུབ་པོས་བཏུལ། གཞན་འཇམ་པོས་བཏུལ་བ་དང་། སློབ་མར་དཔེ་ཁྲིད་ཀྱི་ཞོར་དུ་སློབ་མ་ཚོའི་མི་གཞི་ཀུན་སྤྱོད་བཟང་པོར་ཡོང་བར་མཐའ་གཅིག་ཏུ་འབད་དགོས། རང་གི་ཀུན་སྤྱོད་བཟང་པོས་སློབ་མར་ཤུགས་རྐྱེན་ཐེབས་སུ་འཇུག་དགོས།  སློབ་གསོ་ལས་དོན་ལ་དགའ་བའི་ངེས་ཤུགས་ཆེ་ཞིང་བརྟན་པའི་ཐོག་ཁེ་གྲགས་ལ་འདོད་ཆུང་ཆོག་ཤེས་བྱ་དགོས། གཞན་ཕན་གྱི་བསམ་པའི་ཁྱིམ་གཞིས་བརྟན་སྲུང་བྱེད་ཅིང་ཏང་དང་མི་དམངས་ཀྱི་སློབ་གསོའི་བྱ་གཞག་ལ་བྱས་རྗེས་དེ་བས་ཆེན་པོ་འབུལ་བའི་ཆོད་སེམས་བཅང་དགོས་པ་བཅས་སོ།། 


  • ལེ་ཚན་སྔོན་མ།:《སད་ཀྱིས་བཅོམ་པའི་མེ་ཏོག》དང《མེ་ཏོག་དང་རྨི་ལམ》ཁྲོད་ཀྱི་ བོད་ཀྱི་སྐྱེས་མའི་སྣང་བརྙན་གཤིབ་བསྡུར།
  • ལེ་ཚན་རྗེས་མ།:དམའ་འབྲིང་བོད་སྐད་ཡིག་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་ཐབས་ཀྱི་སྐོར་ལ་མདོར་ཙམ་གླེང་བ།
  • དོ་སྣང་ཆེ་བའི་རྩོམ།