དཔྱིད་ཀ་སླེབས་བྱུང་།

བསོད་ནམས་བསྟན་འཛིན།        2019-05-27

 དཔྱིད་ཀ་སླེབས་བྱུང་། དཔྱིད་ཀ་སླེབས་བྱུང་། དཔྱིད་དུས་ཀྱི་བསིལ་རླུང་གིས་མེ་ཏོག་གི་དྲི་ཞིམ་འཐུལ་བྱུང་།  

  རི་ཀླུང་ཀུན་གྱིས་ལྗང་མདོག་གི་ལྭ་བ་གསར་པ་གོན་ཡོད། ཁུག་རྟ་ཆུང་ཆུང་ལྷོ་ཕྱོགས་ནས་ཕྱིར་རང་ཡུལ་གྱི་མཛེས་ལྗོངས་ལ་ལྟ་སྐོར་དུ་སླེབས་བྱུང་། སྡོང་བོའི་ཡལ་གའི་སྟེང་དུ་བྱིའུས་ཀྱུར་ཀྱུར་ཞེས་པའི་གླུ་ཆུང་ལེན་བཞིན་འཕུར་ལྡིང་བྱེད། རི་ལུང་ཀུན་དུ་མེ་ཏོག་སྣ་ཚོགས་ཕན་ཚུན་ལ་མཛེས་པ་འགྲན་པ་བཞིན་ཁྲ་ལམ་མེར་བཞད་འདུག འབུ་སྐྱོགས་ཁྲ་མོས་མེ་ཏོག་འདབ་མའི་སྟེང་གི་ཞོགས་དུས་ཀྱི་ཟིལ་བའི་ཐིགས་པ་རེ་རེ་རོ་མྱོང་བྱེད།

  ཨེ་མ། དཔྱིད་ཀ་ནི་ཇི་འདྲའི་མཛེས་པ་ལ་ཨང་།ང་རང་མེས་རྒྱལ་གྱི་མཛེས་ཤིང་ལྟ་ན་སྡུག་པའི་དཔྱིད་ཀ་ལ་དགའ།


  • ལེ་ཚན་སྔོན་མ།:​དྲུག་གཅིག་གི་སྐྱ་རེངས།
  • ལེ་ཚན་རྗེས་མ།:ཨ་མའི་ཕྱག་ཟུང་།