རང་ཁུལ་ལ་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ3གསར་དུ་སྣོན།

བདེ་སྐྱིད་ཀྱིས་བསྒྱུར།        2023-07-31

སྤྱི་ཟླ7པའི་ཚེས24ཉིན། སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ་གྱི་སྤྱི་བསྒྲགས་མིང་ཐོ་ཁྱབ་བསྒྲགས་བྱས་ནས་གསར་འཛུགས་ཚན་པས་རང་གིས་དཔྱད་བསྡུར་དང་། ཡིག་ཞུ། གྲོང་ཁྱེར(ཁུལ)གྱིས་ཐོག་མའི་དཔྱད་བསྡུར་བཅས་བྱས་པའི་རྨང་གཞིའི་ཐོག་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་དོ་དམ་མི་སྣ་དང་། ཡུལ་སྐོར། སྐྱེ་ཁམས། ནགས་ཚལ། རྩྭ་ཐང་བཅས་ཐད་ཀྱི་ཆེད་རམས་པས་མཉམ་འབྲེལ་ཐོག་ཞིབ་བཤེར་དང་ཞིབ་དཔྱད་བྱས་པ་བརྒྱུད་ཚན་པ6སི་ཁྲོན་ཞིང་ཆེན་གྱི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ་དུ་གཏན་འཁེལ་བྱས་པ་རེད། རང་ཁུལ་གྱི་ཉག་ཆུ་རྫོང་གི་མི་ཉག་བོད་གྲོང་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ་དང་། སེར་ཤུལ་རྫོང་ཉི་མ་མཚེའུ་ཡི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ། རྟའུ་རྫོང་གཡུ་ཁོག་རྩྭ་ཐང་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ་བཅས་མིང་ཐོ་དེའི་ནང་ཚུད་པ་རེད།།



  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ལོ་སྟོད་ལ་ཡུལ་སྐོར་བ་བྱེ་བ1དང་ས་ཡ6ལྷག་ལ་སྣེ་ལེན་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས《དཀར་མཛེས་ཁུལ་གྱི་རི་ཆུའི་ལོ་རྒྱུས》 རྩོམ་སྒྲིག་ལས་དོན་སྤེལ་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།