རང་ཁུལ་གྱིས《དཀར་མཛེས་ཁུལ་གྱི་རི་ཆུའི་ལོ་རྒྱུས》 རྩོམ་སྒྲིག་ལས་དོན་སྤེལ་འགོ་ཚུགས།

བདེ་སྐྱིད་ཀྱིས་བསྒྱུར།        2023-07-31

སྤྱི་ཟླ7པའི་ཚེས20ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་བཞེས་ནས་འཚོགས་ཤིང་། རང་ཁུལ་གྱི་མཚོ་བོད་མཐོ་སྒང་གི་ཁོར་ཡུག་དང་རི་ཆུ་རིག་གནས་ཞིབ་འཇུག་གི་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུར་གསན་པར་མ་ཟད། 《དཀར་མཛེས་ཁུལ་གྱི་རི་ཆུའི་ལོ་རྒྱུས》(མཚོ་བོད་མཐོ་སྒང་གི་ཁོར་ཡུག་དང་རི་ཆུ་རིག་གནས་ཀྱི་དཔེ་ཚོགས་ལས་དཀར་མཛེས་ཁུལ་གྱི་དེབ)རྩོམ་སྒྲིག་ལས་དོན་བཀོད་སྒྲིག་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་བཞུགས་མོལ་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། སྔོག་འདོན་དང་ཞིབ་འཇུག།སྲུང་སྐྱོང་དང་འཕེལ་རྒྱས། རྒྱུན་འཛིན་དང་དར་སྤེལ། དྲང་བདེན་དང་གསར་གཏོད་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་ཁམས་པའི་ས་གཞི་ཆེན་མོའི་རི་ཆུ་རིག་གནས་ལོ་རྒྱུས་ཀྱི་རྩ་བ་དང་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་སྔར་བས་མངོན་པར་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཧྲེན་དབྱང་གིས་རི་ཆུ་རིག་གནས་ནི་དཀར་མཛེས་ཁུལ་གྱི་རྩ་ཆེ་བའི་རྒྱུ་ནོར་ཞིག་ཡིན་པ་དང་། 《དཀར་མཛེས་ཁུལ་གྱི་རི་ཆུའི་ལོ་རྒྱུས》རྩོམ་སྒྲིག་བྱ་རྒྱུར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ཡོད་དེ། རི་ཆུ་རིག་གནས་ནི་དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ཐོན་ཁུངས་གལ་ཆེན་ཞིག་ཡིན་པ་དང་།ཀྲུང་ཧྭ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅང་པའི་གཞི་རྟེན་གལ་ཆེན་བཅས་ཡིན་པས། ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་རིག་གནས་ཀྱི་ལྟ་བ་འཛིན་ཏེ་ངོས་འཛིན་གཏིང་ཟབ་དང་བསམ་བློ་གཅིག་གྱུར། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྡུད་བཅས་བྱས་ནས《དཀར་མཛེས་ཁུལ་གྱི་རི་ཆུའི་ལོ་རྒྱུས》རྩོམ་སྒྲིག་ལས་དོན་སྒྲིག་འཛུགས་ཡག་པོ་བྱ་དགོས་ཞེས་གསུངས་པ་རེད།

ཧྲེན་དབྱང་གིས་ཆེད་དོན་ཚན་པ་བཙུགས་ནས་འགན་འཁྲི་ཁག་བགོས་གསལ་པོར་བྱས་ཏེ། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་སྤྱིའི་སྣེ་ཁྲིད་པ་དང་།རིག་གནས་ཡུལ་སྐོར་དང་། ས་གནས་ལོ་རྒྱུས་གཞུང་དོན་ཁང་། ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་།ཡིག་ཚགས་ཁང་བཅས་མཉམ་དུ་ཞུགས་ཤིང་ཆེད་རམས་པ་དང་མཁས་དབང་ཚོའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མགྱོགས་མྱུར་རྩོམ་སྒྲིག་ལས་དོན་སྤེལ་འགོ་ཡག་པོ་ཚུགས་དགོས་ཞེས་ནན་གསུང་གནང་བ་རེད།།



  • ལེ་ཚན་སྔོན་མ།:རང་ཁུལ་ལ་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ3གསར་དུ་སྣོན།
  • ལེ་ཚན་རྗེས་མ།:ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་ དངོས་མང་བཤམས་སྟོན་ཁང་སྒོ་འབྱེད་པ།
  • དོ་སྣང་ཆེ་བའི་རྩོམ།