རང་ཁུལ་གྱི་ལྟ་རིན་ཡོད་པའི་གསར་འགྱུར་འགའ།

ནོར་བུས་བསྒྱུར།        2021-08-24

    ཚེས20ཉིན། ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་གིས་ཞིང་ཆེན་ཏོག་གསར་གློ་རིམས་ལ་ཁ་གཏད་གཅོག་པའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་རིམས་ནད་འགོག་ཟོན་ལས་དོན་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་སྐབས། རིམས་འགོག་གནས་བབ་ཀྱི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན། ཡུན་རིང་རང་བཞིན་བཅས་ལ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་བྱས་ཏེ་རྒྱུན་རྣམ་ཅན་གྱི་གནད་སྨིན་འགོག་ཟོན་ལས་ཀ་གཟབ་ནན་ངང་སྤེལ་ནས་ལོ་ཧྲིལ་པོའི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་ཡོང་བར་འགན་ལེན་བྱེད་དགོས་པར་ནན་གསུང་གནང་།

རང་ཁུལ་གྱི་ལྟ་རིན་ཡོད་པའི་གསར་འགྱུར་འགའ།

   ཚེས17ནས20ཉིན་བར། ཞིང་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཡུས་ལི་ཅུན་གྱིས་དཀར་མཛེས་ཁུལ་དུ་བརྟག་ཞིབ་གནང་སྐབས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་བྱེད་པ་དང་། ཏང་གི་རྩ་འཛུགས་མ་ལག་གི་ལེགས་ཆ་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མི་རིགས་ས་ཁུལ་ཡུན་རིང་བདེ་འཁོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས་པར་ནན་གསུང་གནང་ཞིང་། ཧྲེན་དབྱང་དང་ཞའོ་ཡིའུ་ཚའེ་གཉིས་འབྲེལ་ཡོད་བརྟག་ཞིབ་ནང་ཞུགས་པ་རེད།

   ཚེས21ཉིན། ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད།

རང་ཁུལ་གྱི་ལྟ་རིན་ཡོད་པའི་གསར་འགྱུར་འགའ།

   ཚེས19ཉིན། ལིའུ་ཅི་ཞང་གིས་དར་མདོ་གྲོང་ཁྱེར་དུ་འབྲུབ་འགོག་གེགས་སེལ་དང་ས་གཤིས་གནོད་འཚེ་འགོག་བཅོས་སོགས་ཀྱི་ལས་ཀ་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་སྐབས་འབྲུབ་འགོག་གེགས་སེལ་ཉེན་མེད་ཡོང་བར་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

   ཉེ་ཆར། དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་མགོ་ཁྲིད་ཚོ་ཆུང་རེས་སྐོར་གཉིས་པའི་མདུན་བསུ་བའི་སྐུལ་འདེད་ཚོགས་འདུ་དེ་བརྙན་ལམ་རྣམ་པའི་ཐོག་ནས་རྫོང(གྲོང་ཁྱེར)18ལ་འཚོགས་པ་རེད།

རང་ཁུལ་གྱི་ལྟ་རིན་ཡོད་པའི་གསར་འགྱུར་འགའ།

   2021ལོར་རང་ཁུལ་གྱི་གཙོ་གནད་ལས་གཞི240དང་། ལོ་འཁོར་ལ་མ་དངུལ་སྒོར་དུང་ཕྱུར310.81གཏང་རྒྱུའི་འཆར་གཞི་ཡོད་པ་དང་། ཟླ་དང་པོ་ནས་ཟླ7པའི་བར་རང་ཁུལ་གྱིས་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར182.66བཏང་ཟིན་ལ། ལོ་འཁོར་གྱི་འཆར་གཞིའི་བརྒྱ་ཆ58.77ལེགས་གྲུབ་བྱུང་བ་རེད།

   ཚེས21ཉིན། སི་ཁྲོན་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ་སྤྱི་གཉེར་ཁང་གིས་སྐྲུན་འགན་འཁུར་བའི་ལྕགས་ཟམ་ཁ་ནས་ཧྲི་མེན་བར་གྱི་མྱུར་བགྲོད་གཞུང་ལམ་ལས་ཧྲི་མེན་ཕུག་ལམ་གྱི་གཡོན་ཕུག་སྨི1000ལས་བརྒལ་བ་དང་། སྔོན་དཔག་བྱས་ན་ཕྱི་ལོའི་ཟླ7པར་ལས་ཚར་རྒྱུ་རེད།

རང་ཁུལ་གྱི་ལྟ་རིན་ཡོད་པའི་གསར་འགྱུར་འགའ།

ཚེས21ཉིན། དར་མདོ་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་རྒྱལ་དབང་ནགས་ཚལ་དོ་དམ་ཅུས་ཀྱི་ལས་བཟོ་དང་རྒྱུ་ལའི་ནུབ་རྒྱུད་ནགས་ཚལ་དང་རྩྭ་ཐང་གི་ཆེད་ལས་མེ་གསོད་རུ་ཁག་སྒྲིག་འཛུགས་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ནང་སྦྱོང་བྱས་པ་རེད།

རང་ཁུལ་གྱི་ལྟ་རིན་ཡོད་པའི་གསར་འགྱུར་འགའ།

   ཉེ་ཆར། སྡེ་དགེ་རྫོང་གིས་ཡུལ་ཤོག(གྲོང་རྡལ)23གྱི་སྐྱེ་བོ་ལོ་ན་མ་སོན་པའི་སྲུང་སྐྱོང་ལས་ཀ་ས་ཚུགས་ཀྱི་སྒོ་བྱང་བཀལ་བའི་ལས་ཀ་བདེ་བླག་ངང་སྤེལ་བ་རེད།

རང་ཁུལ་གྱི་ལྟ་རིན་ཡོད་པའི་གསར་འགྱུར་འགའ།

   ཚེས20ཉིན། ལི་ཐང་རྫོང་མི་དམངས་སྨན་ཁང་གིས་རྨ་ཁ་ཆུང་ངུའི་གཤགས་བཅོས་བྱེད་སྟངས་སྤྱད་དེ་ལི་ཐང་རྫོང་གི་ཚེ་མགོན་ཡུལ་ཤོག་རིང་མཚེར་གྲོང་ཚོའི་ལོ51ལ་སླེབས་པའི་འཇམ་དབྱངས་བསྟན་འཛིན་གྱི་པུས་ཚིགས་གཡོན་པ་བརྗེ་ལེན་གཤགས་བཅོས་བྱས་ནས་ལམ་ལྷོང་བྱུང་བ་རེད།

རང་ཁུལ་གྱི་ལྟ་རིན་ཡོད་པའི་གསར་འགྱུར་འགའ།

   ཚེས20ཉིན། དཔལ་ཡུལ་རྫོང་འཛིང་ཁོག་ཡུལ་ཤོག་གིས་གྲོང་མི་སྒྲིག་འཛུགས་བྱས་ཏེ་གངས་ཅན་ལུག་མིག་འཐུ་ལུགས་ཀྱི་གསོ་སྦྱོང་བྱས་པ་རེད།

རང་ཁུལ་གྱི་ལྟ་རིན་ཡོད་པའི་གསར་འགྱུར་འགའ།

   ཚེས20ཉིན། སྡེ་རོང་རྫོང་སྤྱི་བདེ་ཅུས་ཀྱིས་དམངས་ཡོངས་ཀྱིས་གློག་འཕྲིན་དྲྭ་རྒྱའི་ཁ་བསླུས་འགོག་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

རང་ཁུལ་གྱི་ལྟ་རིན་ཡོད་པའི་གསར་འགྱུར་འགའ།

   ཚེས20ཉིན། དར་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་དུ་ཆང་བཏུང་འཁོར་གཏོང་དང་ར་བཟི་འཁོར་གཏོང་ལ་མཚན་བཤེར་བྱས་པ་དང་། ཁྲིམས་འགལ་གྱི་འཁོར་གཏོང་བྱ་སྤྱོད་ཁག9ཞིབ་བཤེར་ཐག་གཅོད་བྱས་པ་རེད།

རང་ཁུལ་གྱི་ལྟ་རིན་ཡོད་པའི་གསར་འགྱུར་འགའ།

 



  • ལེ་ཚན་སྔོན་མ།:ཧྲུའུ་ཅིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་སྐོར་འདི་འདྲ་གསུངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།