སྡེ་རོང་རྫོང་གིས་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁ་ཡོངས་ཁྱབ་ཞིབ་བཤེར་གྱི་ཆེད་དོན་གསོ་སྦྱོང་བྱས།

ཀུན་དགས་བསྒྱུར།        2021-08-23

ཐེངས་དང་པོའི་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁའི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ནི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཁབ་སྟོབས་ལྡན་ལ་ཡོངས་ཁྱབ་ཞིབ་བཤེར་གལ་ཆེན་ཞིག་བྱེད་པ་དང་རང་བྱུང་གི་གནོད་འཚེ་འགོག་བཅོས་བྱེད་ནུས་ཆེ་རུ་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག་ཡིན་ཞིང་། ཉེར་ཆར།སྡེ་རོང་རྫོང་གིས་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁའི་ཡོངས་ཁྱབ་ཞིབ་བཤེར་བབ་བསྟུན་ཁྱབ་ཁོངས་ཀྱི་གཙང་བཤེར་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་དང་གསོ་སྦྱོང་ཚོགས་འདུ་ཐེངས་དང་པོ་འཚོགས་ཡོད།

གསོ་སྦྱོང་ཚོགས་འདུའི་ཐོག་རྫོང་དེས་སྡེ་ཁག་སོ་སོའི་འགན་འཁུར་བའི་ལས་ཀའི་ནང་དོན་དང་གཙོ་གནད་ཤེས་རྟོགས་ཐུབ་པ་བྱ་དགོས་པའི་བླང་བྱ་བཏོན་ཡོད། འགན་ནུས་སྡེ་ཚན་ཁག་གིས་ངེས་པར་དུ་སྤྱི་ཟླ8པའི་ཚེས4ཉིན་གྱི་སྔོན་དུ་སྔོན་འགྲོའི་གཙང་བཤེར་གཞི་གྲངས་ཀྱི་རེའུ་མིག་བཀོད་འབུལ་ལེགས་སྒྲུབ་བྱས་ནས་རྒྱལ་ཁབ་ཀྱི་བླང་བྱ་ལྟར་དུས་ཚིགས་མ་ཤར་གོང་སྤུས་ཚད་མཐོ་བའི་སྒོ་ནས་ད་ཐེངས་ཀྱི་གཙང་བཤེར་ལས་དོན་ལེགས་འགྲུབ་ཡོང་རྒྱུར་འགན་ལེན་བྱ་དགོས་ཤིང་། ཚད་ལྡན་གཙང་བཤེར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཚད་ལྡན་གྱི་བླང་བྱ་ལྟར་གྲངས་གཞི་རེའུ་མིག་བཀོད་འབུལ་བྱས་ཏེ་གཙང་བཤེར་གྱི་སྤུས་ཚད་འགན་ལེན་བྱ་དགོས།

ཚོགས་འདུའི་ཐོག་ད་དུང་སི་ཁྲོན་ཉེན་མེད་ལག་རྩལ་ལྟེ་གནས་ལག་རྩལ་འདེགས་སྐྱོར་སྡེ་ཚན་གདན་དྲངས་ནས་རྫོང་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་གཙོ་བོ10ལ་འགན་ནུས་སྡེ་ཚན་ཁག་གིས་རེའུ་མིག་བཀོད་འབུལ་བྱེད་དགོས་པའི་གཙང་བཤེར་ལས་ཀའི་ནང་དོན་དང་ཆ་འཕྲིན་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་།དོ་སྣང་བྱེད་དགོས་པའི་ལག་རྩལ་ཚད་གཞི་དང་ཞུགས་གྲངས།རྣམ་གཞག བླང་བྱ་བཅས་རེའུ་མིག་བཀོད་འབུལ་བྱས་ཡོད།

ད་རེས་ཀྱི་གཙང་བཤེར་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་དང་ལས་སྒོའི་གསོ་སྦྱོང་ཚོགས་འདུ་བརྒྱུད་རྫོང་དེའི་འཕྲལ་སྡོམ་ཁྱབ་ཁོངས་ཀྱི་འགན་འཁུར་བའི་གཙང་བཤེར་ལས་འགན་ཁག་ནུས་ལྡན་ངང་ཁག་བགོས་ནས་དོན་འཁྱོལ་བྱས་པ་དང་།སྡེ་ཚན་ཁག་གི་དམིགས་ཚད་ཁ་གསལ་དང་མཉམ་ཁུར་མཉམ་ལས་དང་དོན་སྤྱི་སྒྲུབ་བྱས་པས་རྫོང་ཡོངས་ཀྱི་ཐེངས་དང་པོའི་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེ་ཕྱོགས་བསྡུས་ཉེན་ཁའི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ་ཡོངས་ཁྱབ་ཞིབ་བཤེར་ལས་དོན་གྱི་གོམ་སྟབས་རྗེས་མར་གཏིང་ཟབ་ངང་སྤེལ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:བྲག་མགོ་རྫོང་གིས་མེ་ཏོག་ཐོན་ལས་ལ་བརྟེན་ནས་མི་སེར་ཕྱུག་པོར་ཆགས་པའི་ཕུགས་འདུན་མངོན་འགྱུར་བྱས།
  • ལེ་ཚན་རྗེས་མ།:འགྲིམ་འགྲུལ་འཕེལ་རྒྱས་སོང་ནས་མང་ཚོགས་ཀྱི་གདོང་ལ་འཛུམ་མདངས་བཞད།
  • དོ་སྣང་ཆེ་བའི་རྩོམ།