ཧྲུའུ་ཅིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་སྐོར་འདི་འདྲ་གསུངས།

ཐུབ་ཀྱིས་བསྒྱུར།        2021-08-24

     སྤྱི་ཟླ8པའི་ཚེས21ཉིན་ལ། ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྲོས་ཚོགས་འཚོགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བྱེད་པའི་སྐོར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་ཆབས་ཅིག་རང་ཁུལ་གྱི་ལག་བསྟར་བསམ་འཆར་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་གསུང་བཤད་ཀྱང་གནང་།

གྲོས་ཚོགས་ཐོག་ཏུ་བསྟན་དོན།

   རིམ་ཁག་དང་སྡེ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྤར་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བྱེད་པའི་སྐོར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་ནན་ཏིག་བྱེད་ཅིང་། འཕེལ་རྒྱས་ཡོད་ཚད་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གོང་བུ་གཅིག་སྒྲིལ་བཅས་ཀྱི་དོན་སྙིང་ཡོད་པར་བྱ་དགོས་ལ། འཕེལ་རྒྱས་ཀྱི་གནས་བབ་གསར་པར་ཞབས་འདེགས་དང་དེར་ཞུགས་གང་ཐུབ་བྱས་ཏེ། སྐྱེ་ཁམས་དམིགས་སུ་བཀར་བ་དང་འབྱུང་འཕྲོད་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་འགྲོ་ལམ་དུ་ཡག་པོ་བསྐྱོད་དགོས།   

   གནད་དོན་ཁྲིད་ཕྱོགས་སུ་འཛིན་པ་རྒྱུན་འཁྱོངས་དང་། མ་བསྐུལ་དང་ལེན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་ནང་དོན་བླང་བྱ་དང་བསྡུར་ནས་ཧེ་བག་འཚོལ་བ་དང་མི་འདང་ས་ཁ་གསབ། ཞན་ཆ་ལེགས་སྒྱུར་བཅས་བྱས་ཏེ་རྒྱུད་རིམ་ཡོད་པའི་སྒོ་ནས་ལས་དོན་གྱི་བྱེད་ཐབས་དོན་ལ་གནས་ཤིང་གོ་ཆོད་པ་ཇུས་འགོད་བྱ་དགོས། 

   དཀར་མཛེས་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱེད་པ་དང་། སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ཚད་དཔོག་ལ་གཞི་ཚུགས་ཤིང་གསར་གཏོད་ཀྱིས་འཕེལ་རྒྱས་ཇེ་ཆེར་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་ལེན་བཏང་སྟེ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ལ་དཀར་མཛེས་ཁུལ་གྱི་བྱས་རྗེས་གཞག་དགོས། 

   ལས་ཀའི་སྤྱོད་ཚུལ་བཟང་ཕྱོགས་སུ་བསྒྱུར་པ་དང་། དབང་ཆའི་འདུ་ཤེས་དང་། བྱས་རྗེས་ཀྱི་འདུ་ཤེས།བྱ་གཞག་གི་འདུ་ཤེས་བཅས་ཡང་དག་པ་འཆང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བའི་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཡོ་བསྲང་དང་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ཏེ། གྲུབ་འབྲས་མིག་མཐོང་ལག་ཟིན་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བྱེད་པའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དོན་ལ་འཁྱོལ་བར་བྱ་དགོས།


  • ལེ་ཚན་སྔོན་མ།:འགྲིམ་འགྲུལ་འཕེལ་རྒྱས་སོང་ནས་མང་ཚོགས་ཀྱི་གདོང་ལ་འཛུམ་མདངས་བཞད།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ལྟ་རིན་ཡོད་པའི་གསར་འགྱུར་འགའ།
  • དོ་སྣང་ཆེ་བའི་རྩོམ།