ལྷ་འཛོམས་ཀྱིས་བསྒྱུར། 2021-08-09
ལོ་སྟོད་དུ་རང་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་དམིགས་ཚད་སྤྱི་ཡོངས་ནས་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད།
●གཙོ་གནད་ལས་གཞི་ལ་མ་འཇོག་བྱེད་ཚད་མུ་མཐུད་དེ་སླར་གསོ་ཐུབ་ནས་དམིགས་ཚད་ལེགས་སྒྲུབ་བྱེད་ཚད་ན་ནིང་དུས་མཉམ་ལས་བརྒྱ་ཆ3.1འཕར་ཡོད།
●འགྲུལ་ཟོག་སྐྱེལ་འདྲེན་གྱི་སྤྱིའི་འཁོར་རྒྱུག་བྱེད་ཚད་མགྱོགས་ཙམ་འཕར་བའི་ཆུ་ཚད་རྒྱུན་འཁྱོངས་ཐུབ་ནས་ན་ནིང་དུས་མཚུངས་ལས་བརྒྱ་ཆ23.27འཕར་ཡོད།
●འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར38ལྷག་ཙམ་བཏང་སྟེ་ཟླ་བདུན་པའི་ཟླ་མཇུག་ཏུ་རིམ་བརྩིས་བྱས་ན་ལོ་འཁོར་གྱི་མ་དངུལ་སྒོར་དུང་ཕྱུར50གཏང་རྒྱུའི་བརྩོན་ལེན་བྱ་རྒྱུ།
●གྲབས་གསོག་ལས་གཞི8ལས2ལ་མཆན་འགོད་བཀའ་ལན་ཐོབ་པ་དང་། ལོ་འཁོར་འཆར་འགོད་ལས་གཞི8ལས3ལས་མགོ་ཚུགས་ཡོད།
●རང་ཁུལ་གྱི་གཞུང་ལམ་སྐྱེལ་འདྲེན་གྱི་འགྲུལ་ཟོག་སྤྱིའི་འཁོར་རྒྱུག་བྱེད་ཚད་ཏུན་ཁྲི10246ལ་ཟིན་པ་དང་ན་ནིང་དུས་མཚུངས་ལས་བརྒྱ་ཆ23.27འཕར་ཡོད།
སྤྱི་ཟླ8པའི་ཚེས3ཉིན་ལ་གསར་འགོད་པས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ6པའི་ཟླ་མཇུག་བར། རང་ཁུལ་གྱིས་རིམ་བརྩིས་བྱས་ན་འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར38.32ཙམ་བཏང་ཡོད་པ་དང་། ལོ་འཁོར་གྱི་དམིགས་འབེན་ལས་འགན་གྱི་བརྒྱ་ཆ36.5གྲུབ་པ་དང་དེ་ན་ནིང་གི་དུས་མཚུངས་ལས་སྒོར་དུང་ཕྱུར36.74ལེགས་སྒྲུབ་ཐུབ་པ་དང་ལོ་འཁོར་གྱི་དམིགས་ཚད་སྒོར་དུང་ཕྱུར110ཡི་བརྒྱ་ཆ33.4དང་བསྡུར་ན་མ་དངུལ་འཇོག་གཙང་འཕར་སྒོར་དུང་ཕྱུར1.58བྱུང་ཡོད། དམིགས་འབེན་གྲུབ་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆ3.1འཕར་ཞིང་། དེའི་ནང་མྱུར་བགྲོད་གཞུང་ལམ་ལ་སྒོར་དུང་ཕྱུར11.75ལ་ཟིན་པ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་གྱི་གཙོ་གནད་ལས་གཞིར་སྒོར་དུང་ཕྱུར20.81ལ་ཟིན་ཡོད། གྲོང་སྡེའི་གཞུང་ལམ་ལ་སྒོར་དུང་ཕྱུར3.36བཏང་ཡོད།(ཁྲོན་བོད་ལྕགས་ལམ་གྱི་གྲོང་སྡེ་གཞུང་ལམ་གྱི་ལེ་ལག་ཚང་བའི་ལས་གྲྭ་ཚུད་པ) བདག་སྐྱོང་ལས་གྲྭར་སྒོར་དུང་ཕྱུར2.4ལ་ཟིན་ཡོད་པ་རེད། དེ་དང་ཆབས་ཅིག་རང་ཁུལ་གྱིས་གཞུང་ལམ་སྐྱེལ་འདྲེན་གྱི་འགྲུལ་ཟོག་སྤྱིའི་འཁོར་རྒྱུག་བྱེད་ཚད་ཏུན་ཁྲི10246ལ་ཟིན་ནས་ན་ནིང་དུས་མཚུངས་ལས་བརྒྱ་ཆ23.27འཕར་ཡོད།
“འདི་ལོར་སྒོར་དུང་ཕྱུར105.09ཡི་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱ་རྒྱུ་འགན་ལེན་བྱས་ནས་ཟླ་བདུན་པའི་ཟླ་མཇུག་ཏུ་སླེབས་དུས་རིམ་རྩིས་བྱས་ན་ལོ་འཁོར་གྱི་མ་འཇོག་སྒོར་དུང་ཕྱུར་50ལེགས་སྒྲུབ་བྱ་རྒྱུ་བརྩོན་ལེན་བྱ་རྒྱུ་ཡིན། ད་ཆར་གྲབས་གསོག་ལས་གཞི8ཀྱི་ནང2ལ་མཆན་འགོད་བཀའ་ལན་ཐོབ་པ་དང་དེ་མིན་ལས་གཞི6གི་སྔོན་སྤེལ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད” ཅེས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་དེ་ལྟར་བཤད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལོ་འཁོར་གྱི་འཆར་གཞི་ལྟར་ལས་གཞི8ནང་ལས་གཞི3ལས་མགོ་ཚུགས་ཡོད་པ་དང་། ལས་གཞི1ལ་སུས་འཇོན་དེ་འགུག་ལས་ཀ་ལེགས་གྲུབ་ཟིན་ཞིང་། ལས་གཞི1ལ་ཆོག་མཆན་ཐོབ་ཅིང་། ལས་གཞི3གྱི་སྔོན་སྤེལ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་ཡོད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10