རིམས་འགོག་སྨན་ཁབ་ནི་ང་ཚོའི་ལུས་པོ་བདེ་ཐང་སྲུང་བའི་བདུད་རྩི་ཡིན།

        2021-08-09

རིམས་འགོག་སྨན་ཁབ་ནི་ང་ཚོའི་ལུས་པོ་བདེ་ཐང་སྲུང་བའི་བདུད་རྩི་ཡིན།

པར་འདི་ནི་འདབ་པ་རྫོང་གི་རིམས་འགོག་སྨན་ཁབ་རྒྱག་སའི་ལས་དོན་མི་སྣས་སྨན་ཁབ་རྒྱག་མཁན་གྱི་ཆ་འཕྲིན་ཐོ་འགོད་བྱེད་བཞིན་པའི་ཚུལ།

ཀྲུང་གོ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཟླ་བ7པའི་ཚེས29ཉིན་ལ། རྒྱལ་ཡོངས་ཏོག་གསར་གློ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་ཐེངས་དུང་ཕྱུར16ལས་བརྒལ་ཡོད་ཅེས་ཁྱབ་བསྒྲགས་བཏང་། ཉེ་ཆར། ཀྲུང་གོའི་ས་གནས་ཁག་གཅིག་གིས་ས་གནས་དེ་གའི་ནད་དཔེ་ཐོན་པར་སྙན་སེང་ཞུས་ཡོད། ཏེར་ཐ་འགྱུར་དུག་ལ་དམིགས་ནས་ས་གནས་ཁག་གིས་གོ་རིམ་ལྡན་པ་དང་རང་མོས་ངང་རིམས་འགོག་སྨན་ཁབ་མུ་མཐུད་དེ་རྒྱག་བཞིན་ཡོད་པ་རེད།

མཚོ་བོད་མཐོ་སྒང་ཤར་འདབས་སུ་གནས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་འདི་ལོའི་ལོ་སྟོད་དུ་གཞི་ཁྱོན་ཆེ་བའི་རིམས་འགོག་སྨན་ཁབ་རྒྱག་མགོ་བཙུགས་ཡོད།ཟླ་བ8པའི་ཚེས2ཉིན་བར་མི་འབོར་ཁྲི110ལ་ཟིན་པའི་དཀར་མཛེས་ཁུལ་དུ་རིམ་རྩིས་བྱས་ན་རིམས་འགོག་སྨན་ཁབ་རྒྱག་ཐེངས་ཁྲི106ལ་ཟིན་པ་དང་། དེའི་ནང་སྨན་ཁབ་ཐེངས་དང་པོ་རྒྱག་མཁན་མི་ཁྲི62ལྷག་ཙམ་ཡོད་ཅིང་སྨན་ཁབ་ཐེངས་གཉིས་པ་རྒྱག་མཁན་མི་ཁྲི43ལྷག་ཙམ་ཡོད་པ་རེད།



  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་གཙོ་གནད་འཛུགས་སྐྲུན་ལས་གཞི་གཉེར་ཤུགས་ཆེ་རུ་བཏང་།
  • ལེ་ཚན་རྗེས་མ།:ནས་འབྲུ་རྡོག་གཅིག་གི་འགྱུར་ལྡོག
  • དོ་སྣང་ཆེ་བའི་རྩོམ།