ཆབ་མདོ་ས་ཁུལ་གྱིས་ཡིག་སྐུར་ངོ་གཏུག་ལས་ཀར་སྐུལ་འདེད་བཏང་།

    བོད་ལྗོངས་འཕྲིན་དྲ།    2014-12-12

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།2012ལོའི་ཚུན་དུ་ཆབ་མདོ་ས་ཁུལ་གྱི་ཡིག་སྐུར་ངོ་གཏུག་ཚན་པས་འགན་འཁྲི་གསལ་པོ་བཟོ་བ་དང་སྤྱོད་ཚུལ་ལ་འགྱུར་བ་བཏང་ནས་ཚད་མཐོའི་འགན་ཁུར་བའི་སྙིང་སྟོབས་དང་དོན་གཉེར་གསར་གཏོད་ཀྱི་རྣམ་འགྱུར།ཞབས་ཞུ་སྤུས་ལེགས་བྱེད་པ་བཅས་དམིགས་ཡུལ་དུ་བྱས་ཏེ་ཡིག་སྐུར་ངོ་གཏུག་ལས་ཀའི་བསམ་ཕྱོགས་གསར་གཏོད་དང་། ཆབ་མདོའི་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་བཏང་བ་རེད།

 ཉེ་བའི་ལོ་གསུམ་ནང་ཁྱོན་མང་ཚོགས་ཀྱི་ཡིག་སྐུར་ངོ་གཏུག་ཁག872བདག་སྤྲོད་བྱས་པ་དང་མི་ཐེངས5188ལ་སྣེ་ལེན་ཞུས་ནས།ཡིག་སྐུར་ངོ་གཏུག་ཁག806གཉེར་སྒྲུབ་བྱས་པས་གཉེར་སྒྲུབ་བྱེད་ཚད92.4%ཟིན་པ་དང༌།རིགས་ཁག་གི་འགལ་ཟླ་དང་རྩོད་གཞིའི་རྐྱེན་རྩ།ཡིག་སྐུར་ངོ་གཏུག་གི་མངོན་གསལ་དོད་པའི་གནད་དོན་ཁག396ཞིབ་བཤེར་བྱས་པའི་ནང་གནད་དོན་ཁག371ཐག་གཅོད་བྱས་པ་དེ་སྤྱིའི་ཞིབ་བཤེར་བྱེད་ཚད་ཀྱི93.7%ཟིན་པ།ས་ཁུལ་གྱི་གྲོང་ཁུལ་རྙིང་པ་བསྒྱུར་བཟོ་དང་སྤོ་བཤིག་བྱེད་པའི་ཁ་གསབ་མ་དངུལ་སྒོར་ཁྲི་ཚོ5868ཙམ་མཐུན་སྦྱོར་ཐག་གཅོད་བྱས།ལས་གཞིའི་རྣམ་གྲངས་ཀྱི་ལས་འཛོལ་གུད་གསབ་དངུལ་སྒོར་ཁྲི་ཚོ105མཐུན་སྦྱོར་ཐག་གཅོད་བྱས།ཡིག་སྐུར་ངོ་གཏུག་གི་དཀའ་གནད་ཆེ་བའི་གྱོད་གཞིའི་ཆེད་སྤྱོད་མ་དངུལ་སྒོར་ཁྲི་ཚོ574མཐུན་སྦྱོར་དོན་འཁྱོལ་བྱས་པ།སྔ་ཕྱི་བསྡོམས་ཞིང་འབྲོག་མང་ཚོགས་ལས་མིའི་ཆད་འགྱངས་གླ་ཕོགས་སྒོར་ཁྲི་ཚོ1640ལྷག་ཚུར་ལེན་བཅས་བྱས་ཡོད།ས་ཁུལ་དེ་ཡོངས་ཀྱི་ཡིག་སྐུར་ངོ་གཏུག་བྱེད་ཚད་ལོ་རེ་བཞིན་ཉུང་དུ་ཕྱིན་ནས་ཐོག་མའི་ཡིག་སྐུར་ངོ་གཏུག་གཉེར་སྒྲུབ་བྱེད་ཚད་མཐོ་རུ་མངོན་གསལ་དོད་པོ་ཕྱིན་པ་དང་གྱོད་གཞི་ཐག་གཅོད་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:ཆབ་མདོའི་གྲོང་གསེབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་པ།
  • ལེ་ཚན་རྗེས་མ།:ནག་ཆུ་ས་ཁུལ་གྱི་སྐབས་བརྒྱད་པའི་ཕྱུགས་ལས་ཐོན་རྫས་ཚོང་འདུས་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།