བོད་ལྗོངས་འཕྲིན་དྲ། 2014-12-12
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཕྱོགས་ཡོངས་ནས་ནག་ཆུ་ས་ཁུལ་རྫོང་ཁག་གི་འབྲོག་ལས་གོང་འཕེལ་གྱི་གྲུབ་འབྲས་མངོན་པ་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཞིང་ཕྱུགས་ཐོན་རྫས་ཁྲོམ་རའི་མཁོ་འདོན་ནུས་པ་ཆེ་རུ་གཏོང་བ་དང་།ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ།བོད་བྱང་ཐང་གི་བཅུད་ལྡན་ཕྱུགས་ལས་ཐོན་རྫས་ཀྱི་མཚོན་རྟགས་སྐྱེད་བསྲིང་བྱེད་པ་བཅས་བྱེད་ཆེད།ནག་ཆུ་ས་ཁུལ་གྱིས་སྤྱི་ཟླ102པའི་ཚེས11ནས15ཉིན་བར་སྐབས་བརྒྱད་པའི་ཕྱུགས་ལས་ཐོན་རྫས་ཀྱི་ཚོང་འདུས་གཉེར་འགོ་ཚུགས་པ་རེད།
ཐེངས་འདིའི་ཚོང་འདུས་ནང་ཞུགས་མཁན་ཚོང་པ་གཙོ་བོ་ནི་ནག་ཆུ་ས་ཁུལ་གྱི་རྫོང11གི་ཕྱུགས་ལས་ཐོན་རྫས་ཕྱིར་ཚོང་དུད་ཚང་དང་མཉམ་ལས་ཁང་ཁགལྗོངས་ཕྱི་ནང་གི་ཁེ་ལས་དང་ཚོང་དུད་བཅས་ཡིན་པ་དང༌། ཚོང་འདུས་ཐོག་ཚགས་ཤ་དང་ལུག་ཤ། མར། ཀོ་བ། ཁུ་ལུ། ཕྱུར་བ། རྩམ་པ་སོགས་ཞིང་ཕྱུགས་ཐོན་རྫས་དང་། དབྱར་རྩྭ་དགུན་འབུ་དང་ཨ་བི་ཁ། གངས་ལྷ་མེ་ཏོག་སོགས་བོད་ལུགས་སྨན་རྫས། བོད་རུམ་དང་འགེལ་རུམ།དངུལ་གྱི་རྒྱན་ཆའི་རིགས་སོགས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་མི་རིགས་ལག་ཤེས་ཐོན་རྫས་འདོན་སྤེལ་བྱེད་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10